མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ས་འགུལ་རྒུད་སྐྱོབ་ཅུའུ་ཡིས་བྱེད་ཐབས་མང་པོ་སྤྱད་ནས་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་བཏང་བ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-11 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ས་འགུལ་རྒུད་སྐྱོབ་ཅུའུ་ཡིས་རྣམ་པ་གསར་བ་སྤྱད་ནས་ས་འགུལ་རྒུད་སྐྱོབ་ཕྱོགས་ཀྱི་ཚན་རིག་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་། སྤྱི་ཚོགས་ཡོངས་ཀྱི་ས་འགུལ་རྒུད་སྐྱོབ་ཀྱི་འདུ་ཤེས་དང་འཕྲལ་སྒྲུབ་ནུས་ཤུགས་མཐོར་འདེགས་སུ་གཏོང་བར་འབད་པ་བྱས། དྲ་རྒྱ་དང་ཚགས་པར་སོགས་སྨྱད་བྱད་ལ་བརྟེན་ནས་ས་འགུལ་རྒུད་སྐྱོབ་ཐད་ཀྱི་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། སོ་སོ་ཡུན་ནན་ཞིང་ཆེན་ས་འགུལ་རྒུད་སྐྱོབ་དྲ་བ་ལས་ཆ་འཕྲིན26དང་། བདེ་ཆེན་ཁུལ་ས་འགུལ་རྒུད་སྐྱོབ་དྲ་བ་ལས་ཆ་འཕྲིན18། བདེ་ཆེན་ཉིན་རེའི་ཚགས་པར་ལས་ཆ་འཕྲིན5། བདེ་ཆེན་ཁུལ་ཏང་ཨུ་དང་སྲིད་གཞུང་ལ་ཆ་འཕྲིན6བཅས་སྤེལ།

ས་འགུལ་རྒུད་སྐྱོབ་ཤེས་བྱ་སྡེ་བ་རུ་སྐྱེལ་བའི་བྱ་འགུལ་སྤེལ་བ་དང་། 2014ལོའི་ལོ་སར་སྐབས་སུ།  བདེ་ཆེན་ཁུལ་ས་འགུལ་རྒུད་སྐྱོབ་ཅུའུ་དང་ཁུལ་རིག་གནས་ཁང་། ཁུལ་སྒྲ་སྙན་རྒྱུད་གསུམ་མའི་སྒྱུ་རྩལ་ཚོགས་པ་སོགས་ཀྱིས་རིག་གནས་གཞི་རིམ་དུ་སྐྱེལ་བ་དང་། ས་འགུལ་རྒུད་སྐྱོབ་ཤེས་བྱ་སྡེ་བའི་དུད་ཁྱིམ་དུ་སྐྱེལ་བའི་བྱ་འགུལ་སྤེལ་བའི་དུས་མཚུངས་སུ། “ལས་བྱེད་སྟོང་ལྷག་གཞི་རིམ་དུ་སོང་ནས་མཛེས་སྡུག་གི་ཕ་ཡུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པའི”བྱ་འགུལ་དང་ཟུང་འབྲེལ་བྱས་ནས། ཟླ3པའི་ཚེས14ཉིན་ནས་ཚེས21ཉིན་བར། བདེ་ཆེན་ཁུལ་ས་འགུལ་རྒུད་སྐྱོབ་ཅུའུ་ཡིས་བདེ་ཆེན་ཁུལ་ཚན་རིག་མཐུན་ཚོགས་དང་བདེ་ཆེན་ཁུལ་ལོག་ཆོས་ངོ་རྒོལ་མཐུན་ཚོགས། ཁུལ610གཞུང་སྒྲུབ་ཁང་བཅས་ཀྱིས་རྩ་འཛུགས་བྱས་པའི“རྣམ་གྲངས་བཞི་སྐྱེལ་བ་དང་གསར་སྐྲུན་གཅིག”བྱ་འགུལ་སྤེལ། སྔ་གཞུག་ཏུ་བདེ་ཆེན་རྫོང་གི་ཞ་རའོ་ཤང་དང་ཐའོ་ཏུན་ཤང་། འབའ་ལུང་རྫོང་གི་པའོ་ཧུ་གྲོང་རྡལ་དང་ཕེན་ཐེན་ཀུག་ཤང་། སེམས་ཀྱི་ཉི་ཟླ་རྫོང་གི་ཧྲང་ཅང་ཤང་དང་ཅིན་ཅང་གྲོང་རྡལ། རྒྱལ་ཐང་གྲོང་རྡལ། བདེ་ཆེན་ཁུལ་དཔལ་འབྱོར་གསར་སྤེལ་ཁུལ་དང་བདེ་ཆེན་ཁུལ་མི་རིགས་འབྲིང་རིམ་སློབ་གྲྭ། བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་སོགས་ནས་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། ལོག་ཆོས་ངོ་རྒོལ་ཤེས་བྱ། བདེ་ཐང་ཤེས་བྱ་སོགས་བྱ་འགུལ་སྤེལ། །

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག