མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་གིས་་སློབ་གྲྭ་ནས་བདེ་འཇགས་སློབ་གསོ་སྤེལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-11 10:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་སློབ་ཆུང་གསུམ་པས“བདེ་འཇགས་ནི་ཚེ་སྲོག་གི་རྨང་རྡོ་དང་བདེ་སྐྱིད་ཀྱི་གཞི་མ་ཡིན”ཞེས་བརྗོད་དོན་ཡིན་པའི་བདེ་འཇགས་གསོ་སྦྱོང་སྤེལ། གསོ་སྦྱོང་ལས་སློབ་རའི་བདེ་འཇགས་ཕྱོགས་ཀྱི་བདེ་འཇགས་དོན་རྐྱེན་ཅི་ལྟར་སྔོན་འགོག་བྱེད་པ་དང་། ཉེ་བའི་ལོ་འགའི་རིང་ཡུན་ནན་དང་མ་ལོན། ཧེ་ནན་སོགས་ས་ཁུལ་དུ་བྱུང་བའི་སློབ་མས་ཡོབ་གནོན་དོན་རྐྱེན་དང་ཟུང་འབྲེལ་བྱས་པ་བརྒྱུད། སློབ་གྲྭ་རུ་དོན་རྐྱེན་འདི་འདྲ་བྱུང་ཚེ་ཅི་ལྟར་རང་ཉིད་སྲུང་སྐྱོང་བྱེད་དགོས་པ་དང་འགྲིམ་འགྲུལ་དོན་རྐྱེན་དང་སློབ་རའི་ཟས་རིགས་བདེ་འཇགས། མེ་འགོག  ས་འགུལ་སྔོན་འགོག་སོགས་ཤེས་བྱ་སློབ་ཁྲིད་བྱས་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག