མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་འཇོལ་རྫོང་གི་གངས་རིའི་མཛེས་ལྗོངས་པར་དུ་ལེན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-11 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གིས་རང་ས་གནས་ཀྱི་ས་ཁམས་དང་ས་བབ་ཀྱི་ཆགས་དབྱིབས་ཅུང་བཟང་བར་བརྟེན་ནས། གནད་ཆེའི་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ་དང་།ཡུལ་སྐོར་དཔལ་འབྱོར་གྱི་སྤྱི་ཚད་དང་ཕན་འབྲས་ཇེ་མཐོར་བཏང་། ཁ་བ་དཀར་པོ་དེ་རྒྱལ་ཡོངས་ཡུལ་སྐོར་གྱི་མཚོན་བྱེད་རང་བཞིན་ལྡན་པའི་སྤུས་རྟགས་དང་། སེམས་ཀྱི་ཉི་ཟླ་ཆེན་མོའི་ཡུལ་སྐོར་ལྟེ་བར་བསྒྱུར་ཡོད། ཟླ9བའི་བར་དུ། འཇོལ་རྫོང་གིས་ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི78སྣེ་ལེན་བྱས་པ་དང་། དུས་མཉམ་ལས16%འཕར་ཡོད། ཡུལ་སྐོར་གྱི་ཡོང་སྒོ་སྒོར་དུང་ཕྱུར76ཡོད་ལ། དུས་མཉམ་ལས17%འཕར་ཡོད། (ཧོ་ཐེ་ཅུན་གྱིས་པར་བླངས།)

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག