མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཤར་དཀར་གངས་རིའི་སྲུང་སྐྱོང་ས་ཁུལ་གྱིས་གསར་འགྱུར་རྩོམ་འབྲི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-10 10:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས3ཉིན་ནས་ཚེས4ཉིན་བར། ཤར་དཀར་གངས་རིའི་རང་བྱུང་སྲུང་སྐྱོང་ས་ཁུལ་དོ་དམ་ཅུའུ་ཡིས་རང་བྱུང་སྲུང་སྐྱོང་ཐད་ཀྱི་གསར་འགྱུར་རྩོམ་འབྲི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་། སྲུང་སྐྱོང་ས་ཁུལ་གྱི་རྒྱ་ཆེའི་ལས་བཟོ་བ་བསྡོམས་པས་མི28ཐེངས་འདིའི་གསོ་སྦྱོང་ལ་ཞུགས། གསོ་སྦྱོང་ལས་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་དང་དྲ་རྒྱའི་ལག་རྩལ་མི་སྣ་གདན་ཞུ་བྱས་ཏེ་ཚང་མར་འཆད་ཁྲིད་བྱས།

གསོ་སྦྱོང་བྱེད་ཡུལ་དུ་དགེ་རྒན་ཚོས་ཁ་མཚར་དང་བཅས་ཚང་མར་བརྡ་འཕྲིན་དང་གསར་འགྱུར་རགས་བསྡུས་སོགས་འབྲི་བའི་ཆེད་དོན་འཆད་ཁྲིད་བྱས་པ་དང་།  དཔེ་མཚོན་སྣ་ཚོགས་ལ་བརྟེན་ནས་བརྡ་འཕྲིན་དང་གསར་འགྱུར་རགས་བསྡུས་འབྲི་སྐབས་ཀྱི་ཐབས་ཤེས་འཆད་ཁྲིད་བྱས་པ་མ་ཟད།  འཆད་ཁྲིད་སྐབས་ཤར་དཀར་གངས་རིའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་དངོས་ཡོད་གནས་བབ་དང་ཟུང་འབྲེལ་བྱས་པ་དང་སློབ་མ་ཚོའི་རང་བྱུང་སྲུང་སྐྱོང་བྱ་བའི་གསར་འགྱུར་སྤེལ་བའི་གལ་ཆེན་རང་བཞིན་ཤེས་སུ་བཅུག་པ་རེད། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་དྲ་རྒྱའི་ལག་རྩལ་མི་སྣས་ད་དུངPPTལག་རྩལ་ཕྱོགས་ནས་ཆེད་དོན་འཆད་ཁྲིད་བྱས་པ་དང་དུས་རབས་གསར་བའི་ནང་གསར་འགྱུར་བྱ་བ་ལེགས་པོ་སྒྲུབ་པར་རྨང་གཞིའི་བརྟན་པོ་བཏིངས།

གསོ་སྦྱོང་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། གསོ་སྦྱོང་བྱེད་སྐབས་སྲུང་སྐྱོང་ཅུའུ་འདིས་ད་དུང་སློབ་མ་རྣམས་རྩ་འཛུགས་བྱས་ཏེ་བདེ་ཆེན་ཁུལ་དམར་དམག་རྒྱང་སྐྱོད་བཤམས་སྟོན་ཁང་ལ་ལྟ་སྐོར་བྱེད་དུ་སོང་བ་དང་། རྒྱ་ཆེའི་ལས་བཟོ་བར་གསར་བརྗེའི་སློབ་གསོ་གཏིང་ཟབ་མོ་ཞིག་མྱོང་སུ་འཇུག་པ་རེད།   ། 

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག