མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

དབྱིན་པའེ་ཡིས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-10 10:10

བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དབྱིན་པའེ་ཡིས་བདེ་ཆེན་ཁུལ་བོད་སྨན་ཁང་གི་སྨན་བཅོས་ཁང་དུ་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་པ།(ཧོ་ཆི་ཀོང་གིས་པར་བླངས།)

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་4ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དབྱིན་པའེ་ཡིས་སྔ་རྗེས་སུ་ཁུལ་བོད་སྨན་ཁང་དང་ཁུལ་ནད་རིགས་བཀག་སྡོམ་ལྟེ་གནས།སེམས་ཀྱི་ཉི་ཟླའི་མི་དམངས་སྨན་ཁང་བཅས་སུ་རང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་ཅིང་།སྨན་བཅོས་ལས་བྱེད་པ་དང་ཧྲང་ཧའེ་ནས་བདེ་ཆེན་དུ་སྐྱོད་པའི་དང་བླངས་པའི་སྨན་བཅོས་རུ་ཁག་ལ་འཚམས་འདྲི་ཞུས་པ་རེད།

བོད་སྨན་ཁང་དུ་དབྱིན་པའེ་ཡིས་སྔ་རྗེས་སུ་སྒོ་བསྟེན་སྨན་བཅོས་ཁང་དང་ནད་སྡོད་ཁང་ལ་ནད་བརྟག་སྨན་བཅོས་ཁང་དང་བོད་སྨན་ལེན་སར་བརྟག་དཔྱད་ཞིབ་འཇུག་བྱས་ནས།བོད་སྨན་གྱི་ཐོན་སྐྱེད་བྱེད་ཚུལ་དང་།སྨན་ནུས་དང་བེད་སྤྱོད་བྱེད་སྟངས་སོགས་ལ་ཤེས་རྟོགས་ཞིབ་ཕྲ་བྱས།སྨན་བཅོས་ཁང་དུ་རང་ས་གནས་ཀྱི་མང་ཚོགས་ཀྱིས་དེ་རུ་སྨན་བཅོས་དང་ལེན་བྱེད་བཞིན་པ་མཐོང་དུས།ཁོང་གིས་ནད་པ་ལ་བོད་སྨན་གྱི་སྨན་ནུས་འདྲི་རྩད་བྱེད་པ་དང་།ཁོང་ཚོ་ལ་ན་ཚ་དྲག་པའི་སྨོན་འདུན་ཞུས་པ་རེད།དབྱིན་པའེ་ཡིས་བོད་སྨན་ནི་བོད་ཁུལ་གྱི་གལ་ཆེའི་སྨན་བཅོས་ཀྱི་ཐོན་ཁུངས་དང་ཁྱད་ལྡན་དཔལ་འབྱོར་གྱི་ཐོན་ཁུངས།མཐོ་སྒང་གི་སྐྱེ་ཁམས་ཀྱི་ཐོན་ཁུངས་བཅས་ཡིན་ཞིང་།བོད་སྨན་བྱ་གཞིག་འཕེལ་རྒྱས་ཡག་པོ་བྱེད་པར་དོན་སྙིང་ཆེན་པོ་ལྡན་ཞེས་བསྟན།ཁོང་གིས་ཁུལ་བོད་སྨན་ཁང་གི་དངོས་ཡོད་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་རང་ཁུལ་གྱི་དགེ་མཚན་ལྡན་པའི་ཐོན་ཁུངས་ལ་བརྟེན་ནས་ཚན་ཞིབ་བྱེད་ཤུགས་ཆེ་རུ་གཏོང་ཞིང་།བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་ལ་སྔོག་འདོན་གང་ལེགས་བྱས་ཏེ།བོད་ཀྱི་སྨན་བཅོས་བྱ་གཞག་མུ་མཐུད་དུ་བདེ་བླག་ངང་འཕེལ་རྒྱས་གཏོང་དགོས།བོད་ཀྱི་སྨན་བཅོས་ཤེས་ལྡན་མི་སྣའི་གསོ་སྐྱོང་དང་དཔུང་སྡེའི་འཛུགས་སྐྱོང་ལ་ཐོང་ཆེན་བྱེད་པ་དང་།མང་ཚོགས་དང་ཁྲོམ་རའི་དགོས་མཁོ་དང་མཐུན་པའི་བོད་ཀྱི་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་བྱེད་པ།བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་དར་སྤེལ་ཡག་པ་བྱེད་པ་དང་།བོད་སྨན་ཁང་དེ་བོད་ཁུལ་གྱི་ཆེས་ལེགས་པའི་བོད་སྨན་ཁང་དུ་བསྐྲུན་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྨན་བཅོས་ཀྱི་འགན་ལེན་ཞབས་འདེགས་ཡག་པོ་ཞིག་མཁོ་སྤྲོད་བྱེད་དགོས་ཞེས་ནན་བཤད་བྱས།

བདེ་ཆེན་ཁུལ་ནད་རིགས་བཀག་སྡོམ་ལྟེ་གནས་སུ་དབྱིན་པའེ་ཡིས་ལས་བྱེད་པ་དང་མཛའ་བརྩེའི་ངང་གླེང་མོལ་བྱེད་ཅིང་།ལས་བྱེད་ཁོར་ཡུག་དང་སྒྲིག་ཆས་དང་རིགས་འདྲ་མིན་སྣ་ཚོགས་ཀྱི་ཞིབ་བཤེར་ཡོ་བྱད་ལ་ལྟ་ཞིབ་ནན་ཏན་བྱས།ཁོང་གིས་སྨན་བཅོས་འཕྲོད་བསྟེན་ནི་དམངས་འཚོ་ལ་འབྲེལ་བ་ཡོད་དེ།ས་གནས་ཞིག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞིའི་འགན་ལེན་ཡིན་ཞིང་།མི་ཚོས་ཉིན་བཞིན་ཇེ་མཐོར་སོང་བའི་ལུས་ཁམས་བདེ་ཐང་གི་དགོས་གཏུག་ཆེ་བ་ཞིག་ཡིན།ནད་རིགས་བཀག་སྡོམ་ལྟེ་གནས་ཀྱིས་བདེ་ཆེན་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཁྲོད་དུ་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་བྱས།

སེམས་ཀྱི་ཉི་ཟླའི་མི་དམངས་སྨན་ཁང་དུ་དབྱིན་པའེ་ཡིས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཧྲང་ཧའེ་ནས་བདེ་ཆེན་ལ་སྐྱོད་པའི་དང་བླངས་པའི་སྨན་བཅས་རུ་ཁག་ལ་བདེ་འདྲི་ཞུས་ཤིང་།སྨན་བཅས་རུ་ཁག་གིས་བདེ་ཆེན་གྱི་སྨན་བཅོས་བྱ་གཞག་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་པ་དང་བྱས་རྗེས་འབུལ་བར་དཀའ་དྲིན་ཆེ་ཞུས་པ་རེད།དབྱིན་པའེ་ཡིས་ཁུལ་འཕྲོད་བསྟེན་ཅུས་དང་སེམས་ཀྱི་ཉི་ཟླའི་མི་དམངས་སྨན་ཁང་སོགས་འབྲེལ་ཡོད་སྡེ་ཁག་གིས་སྨན་བཅོས་རུ་མིའི་འཚོ་བར་ཐུགས་ཁུར་བྱེད་པ་དང་སྨན་བཅོས་རུ་ཁག་གི་ལས་ཀ་བཀོད་སྒྲིག་ཡག་པ་བྱེད་དགོས་ཤིང་།ཧྲང་ཧའེ་སྨན་བཅོས་རུ་ཁག་གི་སྨན་བཅོས་ལག་རྩལ་གྱི་དགེ་མཚན་ལ་བརྟེན་ནས་སེམས་ཀྱི་ཉི་ཟླའི་མི་དམངས་སྨན་ཁང་གི་སྨན་བཅོས་མི་སྣའི་ཆེད་ལས་ཆུ་ཚད་མཐོ་རུ་གཏོང་བ་དང་འཕྲོད་བསྟེན་ལག་རྩལ་ཤེས་ལྡན་མི་སྣའི་རུ་ཁག་གི་ཚོགས་སྤྱིའི་བྱང་ཚད་མཐོ་རུ་གཏོང་དགོས།སྨན་བཅོས་རུ་ཁག་རྫོང་གསུམ་དང་ཆུས་གཅིག་ཏུ་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་སྤེལ་བར་བཀོད་སྒྲིག་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་མི་སྣར་མཛུབ་ཁྲིད་བྱེད་དུ་འཇུག་པ་དང་།ལས་གསེང་དུ་བདེ་ཆེན་གྱི་ཡུལ་སྲོལ་ཆ་ལུགས་ཤེས་རྟོགས་བྱེད་དུ་འཇུག་དགོས་པའི་བླང་བྱ་བཏོན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག