མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་རིམ་སྟར་ཆེད་དོན་ཤེས་བྱ་གསར་པ་འཆད་ཁྲིད་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-10 10:10

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས28ནས་ཚེས29ཉིན་བར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རིམ་སྟར་ཆེད་དོན་འཆད་ཁྲིད་བྱས་པ། དབྱིན་པའེ་དང་། ཧོང་ཀྲེང་ཧུང་། མ་ཝུན་ལུང་། ཏུའུ་ཡུང་ཁྲུན་སོགས་འགོ་ཁྲིད་འཆད་ཁྲིད་ལ་ཞུགས།

འཆད་ཁྲིད་ཀྱིས་པེ་ཅིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་དོ་དམ་དང་དཔལ་འབྱོར་སློབ་གླིང་གི་འབུམ་རམས་པ་དབྱང་ཏུང་ཝེ་དང་། ཧྭ་དབུས་ཚན་རིག་སློབ་ཆེན་གྱི་འབུམ་རམས་པ་ལི་སུའུ་ཡུན། ཀྲུང་གོའི་རྒྱལ་སྤྱི་དཔལ་འབྱོར་བརྗེ་རེས་ལྟེ་གནས་ཀྱི་ཞིབ་འཇུག་པ་ཞུས་ཁྲང་ཁྲོན་སོགས་གདན་ཞུས་ཏེ་རང་ཁུལ་གྱི་འགོ་ཁྲིད་ལས་བྱེད་པ་ལ་སློབ་ཚན་ཁྲིད་པ་རེད།

ཚེས28ཉིན་གྱི་འཆད་ཁྲིད་ཐོག འབུམ་རམས་པ་དབྱང་ཏུང་ཝེས་གཏིང་ཟབ་ངང་མིག་སྔར་རྒྱལ་སྤྱི་དང་རྒྱལ་ནང་བཟོ་ལས་དཔལ་འབྱོར་གྱི་གནས་བབ་དང་དུས་རབས་ཀྱི་རྒྱབ་ལྗོངས། བཟོ་ལས་དཔལ་འབྱོར་གོང་འཕེལ་གཏོང་བའི་དཀའ་གནད་དང་འཕྲད་པའི་གོ་སྐབས་སོགས་ལ་དབྱི་ཞིབ་བྱས་ཤིང་། བཟོ་ལས་དཔལ་འབྱོར་བདེ་བླག་དང་བདེ་འཇགས་ངང་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་བའི་བྱ་ཐབས་དང་བསམ་འཆར་འདོན་པ། འབུམ་རམས་པ་ལི་སུའུ་ཡུན་གྱིས་གློ་བུར་དུ་བྱུང་བའི་སྤྱི་པའི་དོན་ཆེན་གྱི་བྲེལ་མྱུར་སྨན་བཅོས་སྲོག་སྐྱོབ་བྱེད་པའི་ཤེས་བྱ་དང་ལག་རྩལ་འགྲེལ་བཤད་བྱས།

ཚེས29ཉིན་གྱི་ཆེད་དོན་འཆད་ཁྲིད་ཐོག དགེ་རྒན་ཞུས་ཁྲང་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཧ་སག་ཁེ་སི་ཐན་དང་ཧིན་རྡུ་ཉི་ཞི་ཡ་ལ་འཚམས་འདྲི་བྱེད་དུས་སོ་སོར་མཉམ་དུ“དུས་རབས21པའི་རྒྱ་མཚོ་སྟེང་གི་དར་གོས་འགྲུལ་ལམ”དང་“དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་གོང་འཕེལ་གཏོང་ཡུལ”འཛུགས་དགོས་ཞེས་འདོན་པའི་རླབས་ཆེན་གྱི་འཐབ་ཇུས་བསམ་ཚུལ་ཞིབ་མོའི་ངང་གསལ་བཤད་བྱས་པ་རེད།

ལུའུ་ཡུང་མིང་དང་། ཀྲང་ཀྲི་ཅུན། ཆེ་ཅན་ཞིང་། ཧོ་ཀྲེང་ཏུང་སོགས་རང་ཁུལ་གྱི་འགོ་ཁྲིད་དང་ཁུལ་རིམ་པའི་སྡེ་ཁག་སོ་སོའི་ཁྲུའུ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་ཚོགས་ར་གཙོ་བོར་འཆད་ཁྲིད་ལ་ཉན་པ་དང་། རྫོང་གསུམ་དང་དཔལ་འབྱོར་གསར་སྤེལ་ཆུས་ཀྱིས་ཡན་ལག་ཚོགས་རར་འཆད་ཁྲིད་ལ་ལྟ་ཉན་བྱས་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག