མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་དང་། ས་ཐང་། ནུའུ་ཅང་བཅས་ཁུལ་དང་གྲོང་ཁྱེར་གསུམ་གྱི་ཉེ་འཁོར་རྫོང་དྲུག་གི་ནགས་སྐྱོང་མེ་འགོག་མཉམ་སྲུང་ཚོགས་འདུ་དེ་འབའ་ལུང་རྫོང་ནས་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-10 10:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས29ཉིན། བདེ་ཆེན་དང་། ས་ཐང་། ནུའུ་ཅང་བཅས་ཁུལ་དང་གྲོང་ཁྱེར་གསུམ་གྱི་ཉེ་འཁོར་རྫོང་དྲུག་གི་སྐབས་བཞི་བའི་ནགས་སྐྱོང་མེ་འགོག་མཉམ་སྲུང་ལས་ཀའི་གྲོས་ཚོགས་ཐེངས་དང་པོ་དེ་འབའ་ལུང་རྫོང་ནས་འཚོགས་པ་རེད། ཁུལ་དང་གྲོང་ཁྱེར་གསུམ་གྱི་ནགས་ཚལ་མེ་འགོག་བཀོད་འདོམས་པུའུ་ཡི་འགན་འཁུར་བ་གཙོ་བོ་དང་། རྫོང་དྲུག་གི་ནགས་སྐྱོང་མེ་འགོག་བཀོད་འདོམས་པུའུ། རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱི་འགན་འཁུར་བློ་མཐུན། འབའ་ལུང་རྫོང་ནགས་ལས་ཅུས་ཀྱི་ལས་བཟོ་བ་ཡོངས་བཅས་མི110ཐེངས་འདིའི་ཚོགས་འདུར་ཞུགས་ཡོད།

གྲོས་ཚོགས་ཀྱིས་བདེ་ཆེན་དང་། ས་ཐང་། ནུའུ་ཅང་བཅས་ཁུལ་དང་གྲོང་ཁྱེར་གསུམ་གྱི་ཉེ་འཁོར་རྫོང་དྲུག་གི་སྐྱེ་ཁམས་ནགས་ལས་འཛུགས་སྐྲུན་དམིགས་འབེན་དུ་བཟུང་བར་སྐུལ་འདེད་བཏང་ནས། ནན་ཏན་གྱིས་ལོ་གཅིག་གི་རིང་བདེ་ཆེན་དང་། ས་ཐང་། ནུའུ་ཅང་བཅས་ཁུལ་དང་གྲོང་ཁྱེར་གསུམ་གྱི་ཉེ་འཁོར་རྫོང་དྲུག་གི་ནགས་སྐྱོང་མེ་འགོག་མཉམ་སྲུང་ལས་ཀའི་ཉམས་མྱོང་སྤྱི་བསྡོམས་དང་དེའི་སྐོར་ལ་འབྲེལ་འདྲིས་བྱས་པ་རེད། རྣམ་པ་གསར་བའི་འོག་ནགས་སྐྱོང་མེ་འགོག་ལས་ཀའི་བསམ་ཕྱོགས་གསར་པ་དང་། བྱ་ཐབས་གསར་པའི་ཐད་དབྱེ་ཞིབ་དང་དཔྱད་གླེང་བྱས་ནས། སྐབས་བཞི་བའི་ནགས་སྐྱོང་མེ་འགོག་མཉམ་སྲུང་ལས་ཀའི་གྲོས་ཚོགས་ཐེངས་དང་པོའི་སྒྲིག་སྲོལ་ལ་གྲོས་མོལ་དང་བཟོ་བཅོས་བརྒྱབ་པ་རེད། ལས་རེས་འོས་འགན་སྤྲོད་པའི་འགྲོ་ལུགས་དང་ལེན་བྱས་ཏེ། ཁུལ་དང་གྲོང་ཁྱེར་གསུམ་གྱི་ནགས་ཚལ་མེ་འགོག་མཉམ་སྲུང་ལས་ཀ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ཡོད།

གྲོས་ཚོགས་ཐོག་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་མེ་འགོག་མཉམ་སྲུང་ལས་ཀ་བཀོད་སྒྲིག་བྱས། མཉམ་སྲུང་ཁོངས་མིས་གྲོགས་ཚོགས་ཐོག་གཏམ་བཤད་ཀྱང་གནང་བ་རེད། ཚོགས་ཞུགས་མི་སྣ་དང་མཉམ་དུ་ལས་ཀའི་ཁྲོད་ཀྱི་བྱ་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ། ལས་ཀའི་བསམ་ཕྱོགས་གསར་པ་གཏོད་པ་བཅས་ཕྱོགས་བསྡོམས་བྱས་ནས། ཕན་ཚུན་འབྲེལ་འདྲིས་དང་། ཕན་ཚུན་རྒྱུན་ལོན་བྱེད་པའི་དམིགས་ཡུལ་འགྲུབ་པ་རེད། གྲོས་ཚོགས་ཐོག་ད་དུང《མཉམ་སྲུང་སྒྲིག་སྲོལ》ལ་དཔྱད་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། མཉམ་སྲུང་དར་དམར་ལས་རེས་པ་རྗེས་མར་སྤྲོད་པའི་མཛད་སྒོའང་བསྡུས་པ་རེད།

གྲོས་ཚོགས་ཀྱིས་མུ་མཐུད་ནས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ཁུལ་དང་གྲོང་ཁྱེར་གསུམ་གྱི་ཉེ་འཁོར་རྫོང་དྲུག་གི་ནགས་སྐྱོང་མེ་འགོག་མཉམ་སྲུང་ཀ་སྒྲུབ་པའི་ཐད་ལ་བསམ་འཆར་གཅིག་གྱུར་བྱས། གཅིག་ནི་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ཏེ། མཉམ་སྲུང་ལས་ཀའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། ནུས་ཡོད་ཀྱི་འགན་འཁྲིའི་བྱ་ཐབས་སྤྱད་དེ། ནགས་འདབས་ནས་མེ་འབུད་པའི་གནས་ཚུལ་ཚབས་ཆེན་བཀག་འགོག་བྱེད་དགོས། གཉིས་ནི་གནད་འགག་གི་དུས་སྐབས་རེ་རེ་འབུར་དུ་ཐོན་པར་བྱས་ནས། ས་གནས་སོ་སོའི་ནགས་ཁུལ་གྱི་ནགས་ཚལ་མེ་འགོག་མཉམ་སྲུང་བྱ་ཐབས་སྲ་བརྟན་དུ་གཏོང་དགོས། གསུམ་ནི་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས། ནགས་ཚལ་མེ་འགོག་མཉམ་སྲུང་ལས་ཀ་ཚད་ལྡན་ཅན་དུ་གཏོང་རྒྱུ་མངོན་འགྱུར་བྱུང་དུ་འཇུག་དགོས། རྩ་བ་ནས་ནགས་ཁུལ་ས་མཚམས་ཀྱི་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ཏེ། ནགས་ཁུལ་ས་མཚམས་ཀྱི་ནགས་ཚལ་མེ་སྐྱོན་དོ་དམ་གྱིས་མ་ཁེབས་ས་ཡོད་པ་སེལ་དགོས། ནགས་ཁུལ་ས་མཚམས་ཀྱི་ནགས་ཚལ་མེ་སྐྱོན་གྱི་འགན་འཁྲི་དེ་ཕན་ཚུན་ལ་ངན་ཁག་དཀྲི་བའི་སྣང་ཚུལ་འབྱུང་རྒྱུར་གཏན་འགོག་བྱེད་དགོས།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག