མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་སྐབས་གཉིས་པའི་ཞིང་པ་ལས་མིའི་རིག་རྩལ་འཁྲབ་སྟོན་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-11-07 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཅུས་ཀྱིས་གཙོ་སྒྲུབ་བྱེད་པ་དང་། ཁུལ་རིག་གནས་ཁང་གིས་སྒྲུབ་འགན་འཁུར་ལེན་བྱས་པའི་བདེ་ཆེན་ཁུལ་སྐབས་གཉིས་པའི་ཞིང་པ་ལས་མིའི་རིག་རྩལ་འཁྲབ་སྟོན་དེ་སེམས་ཀྱི་ཉི་ཟླ་རྫོང་དཀྱིལ་འཁོར་ཐང་ཆེན་དུ་འཚོགས།

ཤེས་གསལ་བྱུང་དོན། ཐེངས་འདིའི་ཞིང་པ་ལས་མིའི་རིག་རྩལ་འཁྲབ་སྟོན་བྱེད་པའི་དམིགས་ཡུལ་ནི་ཞིང་པ་ལས་མིས་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་འཕེལ་དང་ཁྱད་པར་དུ་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་ཐོན་ལས་ཅན། གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ལས་ཀའི་ཁྲོད་དུ་ལེགས་སྐྱེས་ཆེན་མོ་འབུལ་བར་བསྟོད་བསྔགས་བྱེད་པ་དང་། ཕྱོགས་ཡོངས་ནས་ཞིང་པ་ལས་མི་འཐུས་ཚབ་ཏུ་བྱེད་པའི་འཛུགས་སྐྲུན་པའི་དུས་རབས་ཀྱི་རྣམ་པ་སྟོན་ཏེ། ཞིང་པ་ལས་མིའི་ལས་བརྩོན་དཔའ་ལྡན་དང་། མཐུན་སྒྲིལ་དང་ལེགས་སྐྱེས་འབུལ་བ། དཔའ་སྐྱེད་ཡར་ཐོན་གྱི་གཤིས་རྒྱུད་ལ་བསྟོད་བསྔགས་བྱས་ནས། སྤྱི་ཚོགས་ཡོངས་སུ་ཞིང་པ་ལས་མི་ལ་རྩིས་བཀུར་དང་སེམས་འཁུར་བྱེད་ཅིང་། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ངང་ཚུལ་ཡག་པོ་ཞིག་སྐྲུན་ཞིང་། རྒྱ་ཆེ་བའི་ཞིང་པ་ལས་མི་རྣམས་ལ་ཏང་དང་སྲིད་གཞུང་གི་ཐུགས་འཁུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་མོའི་དྲོད་སྐྱིད་ཉམས་སུ་མྱོང་འཇུག་རྒྱུ་དེ་ཡིན་པ་རེད།

ཉིན་དེར། གླུ་གར16དང་། འཁྲབ་ཚན་ཆུང་བ། རྐྱང་གཞས། མི་རིགས་གོས་རྒྱན་འཁྲབ་སྟོན་སོགས་འཁྲབ་ཚན་ཚང་མ་ནི་ཞིང་པ་ལས་མིས་འདོན་ཏེ། འཁྲབ་ཚན་དེ་དག་ལ་དུས་རབས་ཀྱི་སྣང་ཚུལ་དང་གྲོང་གསེབ་ཀྱི་རྣམ་པ་ཟབ་པོ་ལྡན་ཞིང་། དེ་ནི“རིག་གནས་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བའི”འཐབ་ཇུས་ལག་བསྟར་བྱེད་པ་དང་ཁུལ་ཡོངས་མི་དམངས་ཀྱི“བསམ་པའི་ཁྱིམ་གཞིས”འཛུགས་སྐྲུན་བྱེད་ཚུལ་གྱི་འགྲེམ་སྟོན་ཆེན་མོ་ཞིག་ཡིན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག