མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་གྱི་ཐོན་རྫས་སྤུས་ལེགས་ཀྲུང་གོའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་དངོས་མང་སྟོན་ཚོགས་ཐོག་བསྟན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ།  2014-11-06 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། སྐབས་གསུམ་པའི་ཀྲུང་གོའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་དངོས་མང་སྟོན་ཚོགས་ཅི་ནན་དུ་འཚོགས། བདེ་ཆེན་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཆུས་དང་། ཏ་ལི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཆུས་ཀྱིས་ཡུན་ནན་ཞིང་ཆེན་གྱི་ཚབ་བྱས་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཆུས་ཀྱི་གྲུབ་འབྲས་བཤམས་སྟོན་དུ་ཞུགས་པ་རེད།

རང་ཁུལ་གྱི་རྒྱལ་ཁབ་རིམ་པའི་རྣམ་གྲངས་བོད་ཀྱི་རྫ་ནག་གི་བཟོ་རྩལ་དང་། ཞིང་ཆེན་རིམ་པའི་རྣམ་གྲངས་བོད་ཀྱི་ལྕགས་རིགས་ལུགས་རྒྱག་པའི་ལག་རྩལ་དང་ནས་རག་བཟོ་རྩལ། ཤིང་ཕོར་གྱི་བཟོ་རྩལ། བོད་ཀྱི་ཞབས་བྲོ། འཕྲུལ་གཞུའི་བཟོ་རྩལ་བཅས་དངོས་མི་ཤུལ་བཞག་རིག་རྫས་ཀྱི་མིང་ཐོར་ཡོད་པའི་རྣམ་གྲངས6དང་། ཞིང་ཆེན་རིམ་པའི་འཐུས་ཚབ་མི་སྣ7བཅས་བཤམས་སྟོན་དང་འཁྲབ་སྟོན་དུ་ཞུགས་ཡོད།

རང་ཁུལ་གྱི་བཤམས་སྟོན་བྱེད་ཡུལ་གྱིས་པར་རིས་དང་ཡི་གེ་ལ་བརྟེན་ནས་དྲིལ་བསྒྲགས་བྱེད་པ་དང་། བརྙན་གཟུགས་སྟོན་པ། བོད་ཀྱི་ཞབས་བྲོ་འཁྲབ་པ་སོགས་མཉམ་འབྲེལ་བྱས་ཏེ་ཕྱོགས་ཡོངས་ནས་མི་རིགས་ས་གནས་ཀྱི་ཁྱད་ཆོད་ལྡན་པའི་བདེ་ཆེན་གྱི་མི་རིགས་རིག་གནས་བསྟན་པ། སྟོན་ཚོགས་ཀྱི་བར་སྐབས་སུ་ཉི་ཤར་གྱི་རྫ་ནག་དང་། རི་མོ་བྲིས་ཡོད་པའི་ཤིང་གི་བཟོ་རྫས། ནས་རག ལྕགས་རིགས་ལུགས་རྒྱག་བྱེད་པའི་སྐུ་འདྲ་སོགས་སྟོན་རྫས་མང་པོ་དང་བོད་ཀྱི་ཞབས་བྲོའི་འཐུས་ཚབ་མི་སྣའིལྟད་མོ་ཆེ་བའི་འཁྲབ་སྟོན་གྱིས་ལྟད་མོ་བའི་ཡིད་དབང་འཕྲོག་པ། རང་ཁུལ་གྱི་སྟོན་རྫས་ཡུལ་དངོས་སུ་ཕྱིར་འཚོང་བྱས་ཚད་སྒོར་ཁྲི3ལྷག་ཟིན་ཞིང་། རང་ཁུལ་གྱི་རྒྱུན་འཛིན་པ7ལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི“ཕུལ་བྱུང་རྒྱུན་འཛིན་པའི”བྱ་དགའ་ཐོབ་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག