མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་ཉེན་རྟོག་པ་གཅིག་ལ་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དམངས་གཅེས་དཔེ་བཟང་གི་མཚན་སྙན་ཐོབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ།  2014-11-06 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས28ཉིན། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དམངས་གཅེས་དཔེ་བཟང་གི་བྱས་རྗེས་སྙན་ཞུའི་ཚོགས་འདུ་པེ་ཅིན་དུ་འཚོགས་པ། ཚོགས་འདུའི་ཐོག་རྒྱལ་ཁབ་ཡོངས་ཀྱི་སྤྱི་བདེ་མ་ལག་གི་དམངས་གཅེས་དཔེ་བཟང་ཚོགས་ཁག100དང་དམངས་གཅེས་དཔེ་བཟང་མི་སྒེར100ལ་གཟེངས་བསྟོད་བྱས་ཏེ། རང་ཁུལ་གྱི་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་ཉེན་རྟོག་པ་ལིའང་ཝེ་ལ་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དམངས་གཅེས་དཔེ་བཟང་དུ་བདམས་ཐོན་བྱུང་།

ལིའང་ཝེ་ནི་བདེ་ཆེན་ཁུལ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ལས་འཛོལ་ཐག་གཅོད་ཁའོ་ཡི་འགོ་འཛིན་ཡིན་ལ། ཉེན་རྟོག་པ་བྱེད་པའི་ལོ15ཡི་ནང་་ཁོས་ཏན་ཏིག་གིས་ལས་ཀ་སྒྲུབ་པ་དང་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་དོན་དུ་ལས་ཀ་སྒྲུབ་པའི་འདུ་ཤེས་བཟུང་ཞིང་། བོད་མི་རྣམས་ཀྱིས“བུ་ཚ་རོགས”ཞེས་འབོད་པ་རེད། ལས་ཀའི་གྲུབ་འབྲས་གཡོ་ཟ་བ་ལོན་པའི་ཕྱིར་2007ལོར་ཁུལ་སྤྱི་བདེ་ཅུས་ཀྱིས་ཁོང་ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་བཀོད་པ། 2012ལོར་ཁོང་ལ་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཀྱིས་ཆེས་དགའ་བའི་མི་དམངས་ཉེན་རྟོག་པ་བཅུའི་མཚན་སྙན་ཐོབ་པ། 2014ལོར་ཁུལ་སྲིད་གཞུང་གིས་ཁོར་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་བཀོད་ཅིང་། དུས་མཚུངས་སུ་བདེ་ཆེན་ཁུལ་གྱི་གནས་གཅེས་ལས་བརྩོན་གྱི་ཀུན་སྤྱོད་དཔེ་བཟང་དུ་བདམས་ཐོན་བྱུང་བ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག