མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་བདེ་འཇགས་ཐོན་སྐྱེད་ལས་ཀའི་གྲོས་ཚོགས་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ།  2014-11-06 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་ལས་ཀའི་གྲོས་ཚོགས་འཚོགས་ནས། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་བརྡ་ཁྱབ་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། རང་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ལ་གནས་པའི་གནད་དོན་ཕྱོགས་བསྡུས་དང་དབྱེ་ཞིབ་བྱས་པ།དུས་ཚིགས་བཞི་པའི་བདེ་འཇགས་ཐོན་སྐྱེད་ལས་ཀར་ཞིབ་འཇུག་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་རང་ཁུལ་གྱི་སྔོན་མའི་དུས་ཚིགས་གསུམ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།

གྲོས་ཚོགས་ཐོག ད་ལོ་ནས་བཟུང་། ཁུལ་ཡོངས་རིམ་པ་ཁག་གི་སྡེ་ཁག་དང་ལས་ཁུངས་སོ་སོས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་དང་དྲིལ་བསྒྲགས་སློབ་གསོ། དམིགས་འཛུགས་དམིགས་འགྲུབ། མངོན་མིན་རྐྱེན་ངན་ལེབ་བཤེར་དང་ལེགས་བཅོས་སོགས་ལས་ཀ་འབུར་དུ་ཐོན་པ་དང་། “དྲུག་རྡུང་དྲུག་བཅོས་”བྱས་པར་བརྟེན་ནས་ལོག་རྡུང་འགལ་བཅོས་ཀྱི་ཆེད་དམིགས་བྱ་འགུལ་གཙོར་བཟུང་བ། ཁྲིམས་འགལ་དང་སྒྲིག་འགལ་གྱི་བྱ་འགུལ་ལ་རྡུང་རྡེག་མཐའ་གཅིག་ཏུ་བྱས་ནས། ནུས་པ་ཐོན་པས་གནད་ཆེའི་ལས་འཛོལ་ལ་སྔོན་འགོག་དང་བཀག་སྡོམ་བྱས་ཡོད། མིག་སྔར། ཁུལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་སྤྱི་ཁོག་བརྟན་པོ་བྱུང་ཡོད་མོད། འོད་ཀྱང་གནས་བབ་དྲག་པོ་བྱུང་ཡོད་དེ། གསར་སྤེལ་ཆུས་ལས་གཞན་གྱི་རྫོང་གསུམ་ལ་གནད་ཆེའི་ལས་འཛོལ་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་ལས་འཛོལ་ཆེ་ཙམ་གྱི་བསྡོམས་གྲངས་ཀྱི་11.6%འཛིན་ཞིང་། དེ་ནས་རང་ཁུལ་བདེ་འཇགས་ཐོན་སྐྱེད་དུ་ཁེ་ལས་ཀྱི་འགན་ལེན་གཙོ་བོ་དོན་འཁྱོལ་མི་བྱེད་པ་དང་། ལས་ཁུངས་དང་སྡེ་ཁག་སོ་སོས་ལྟ་སྐུལ་བྱེད་ཤུགས་ཞན་པ་སོགས་ཀྱི་གནད་དོན་མཚོན་ཡོད་ཅེས་བསྟན་པ།

གྲོས་ཚོགས་ཐོག ཁུལ་དང་རྫོང་རིམ་པ་ཁག་གི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱིས་སྔར་ལས་ལྷག་པར་བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ་དང་། “བདེ་འཇགས་ཨང་དང་པོར་འཛིན་པ་དང་སྔོན་འགོག་གཙོ་བོར་བཟུང་བ། ཕྱོགས་བསྡུས་ཀྱིས་ལེགས་སྒྲིག་བྱེད་པའི་”བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ནན་ཏན་གྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར། བདེ་འཇགས་བཅས་ནི་ལས་ཀ་ཁག་གི་གནད་ཆེའི་ཨང་དང་པོར་བཞག་ཅིང་།ཚད་མཐོའི་འགན་འཁུར་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། མཁོ་གནད་ཆེ་བའི་འདུ་ཤེས་བཅས་བཟུང་སྟེ།བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀ་ཁག་ཡག་པོར་སྒྲུབ་དགོས།འགྲིམ་འགྲུལ་ཉེན་རྟོག་པ་དང་འགྲིམ་འགྲུལ། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་སྡེ་ཁག་གིས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཡག་པོ་བྱེད་པ་དང་། ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། འགྲུལ་སྐྱེལ་དང་ཡུལ་སྐོར་འཁོར་ལོ། གཅིག་བསྡུས་ཀྱིས་སློབ་གྲྭ་འཛུགས་པའི་ས་གནས་སུ་དགུན་ཁའི་གུང་གསེང་ལམ་བུའི་འགྲིམ་འགྲུལ་བདེ་འཇགས་བཅས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྡེ་ཁག་སོ་སོས་རྒྱུན་མཐུད་ཀྱིས་ “དྲུག་རྡུང་དྲུག་བཅོས་”བྱས་པར་བརྟེན་ནས་ལོག་རྡུག་འགལ་བཅོས་ཀྱི་ཆེད་དམིགས་བྱ་འགུལ་དང་མངོན་མིན་རྐྱེན་ངན་ལེབ་བཤེར་དང་ལེགས་སྒྲིག་ལས་ཀ་གཏིང་ཟབ་ཏུ་སྒྲུབ་དགོས།སྟོབས་ཤུགས་གང་ཡོད་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་འགོག་པའི་དམིགས་འབེན་དོ་དམ་བྱེད་པ་དང་། མེ་གསོད་མེ་འགོག་དང་སློབ་གྲྭ་སོགས་ས་ཁོངས་གཙོ་བོའི་བདེ་འཇགས་ལྟ་སྐུལ་དོ་དམ་ལས་ཀར་ཤུགས་སྣོན་རྒྱག་པ། ཆེ་ཙམ་ཡན་གྱི་ལས་འཛོལ་བྱུང་བར་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་དཔེ་སྟོན་ཁུལ་འཛུགས་པར་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་ལེགས་པོ་འཛུགས་དགོས་པའི་བླང་བྱ་བཏོན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག