མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་དུ་ལི་རྒྱ་སྐད་གཉིས་ཀྱི་ཚགས་པར་ལ་ལྟ་མཁན་གྱི་དགའ་བསུ་ཐོབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ།  2014-11-05 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་རིམ་པའི་མི་རིགས་སྐད་ཡིག་གི་ཚགས་པར་གཅིག་པུ་《འབའ་ལུང་ཚགས་པར》(ལི་རྒྱ་སྐད་གཉིས་ཀྱི་པར་ངོས)དེ་པར་སྐྲུན་བྱེད་པའི་ཚུལ་དུ། རྒྱ་ཆེའི་ལྟ་མཁན་གྱི་དགའ་བསུ་ཐོབ་པ་རེད།

“རིག་གནས་ལ་བརྟེན་ནས་རྫོང་དར་སྤེལ་གཏོང་བའི་”ཐབས་ཇུས་ལག་བསྟར་ཡག་པོ་བྱེད་ཆེད། འབའ་ལུང་རྫོང་སྲིད་གཞུང་གིས་ཞིབ་འཇུག་བྱས་ནས། 《འབའ་ལུང་ཚགས་པར》པར་སྐྲུན་བསྐྱར་གསོ་བྱེད་པའི་གཏན་འབེབས་བྱས་པ། རྩོམ་སྒྲིག་མི་སྣ་ཡིས་དུས་ཡུན་ཟླ་3རིང་འབད་བརྩོན་བྱས་ནས། ཟླ་9པར་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱེད་ཅིང་། ཐེངས་དང་པོར་དེ་པར་གྲངས་3000འགྲེམ་སྤེལ་བྱས་པ་རེད།

《འབའ་ལུང་ཚགས་པར》འགྲེམ་སྤེལ་བྱས་ནས་ནུས་པ་ཐོན་པོས་ཏང་དང་སྲིད་གཞུང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་ཅིང་། དུས་མཚུངས་སུ་ལི་སུའུ་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས་དང་གོང་སྤེལ་གཏོང་བ་མ་ཟད། ད་དུང་མཐུན་སྒྲིལ་ཡར་བརྩོན་གྱི་འདུ་ཤེས་གཙོ་བོ་དྲིལ་བསྒྲགས་དང་བརྟན་དུ་གཏོང་བར་དོན་སྙིང་ཆེན་པོ་ཡོད་པ་རེད།

ཤེས་གསལ་བྱུང་དོན། 《འབའ་ལུང་ཚགས་པར》དེ1956ལོར་གསར་འཛུགས་ཤིང་།རྗེས་སུ་རྒྱུ་རྐྱེན་སྣ་མང་གི་དབང་གིས་པར་སྐྲུན་བྱེད་མཚམས་འཇོག་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག