མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གི་ཕྱུགས་ལས་ཐོན་ལས་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-10-29 10:24

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས“སྤུས་བཟང་ཕྱུགས་ལས་འཕེལ་རྒྱས་བྱེད་པ”དམིགས་འབེན་དུ་བཟུང་ནས། ཕྱུགས་ཟོག་སྒྲིག་གཞི་ལེགས་བསྒྱུར་བྱེད་པ་དང་ཕྱུགས་རྒྱུད་ལེགས་བསྒྱུར་བྱེད་པ། ཕྱུགས་ཟོག་ནད་ཡམས་སྔོན་འགོག་མ་ལག་འཛུགས་སྐྲུན་བྱེད་པ། རྩྭ་ཐང་སྐྱེ་ཁམས་འཛུགས་སྐྲུན་དང་སྲུང་སྐྱོང་། ཐོན་ལས་ཅན་དུ་ཚོང་གཉེར་བྱེད་པ་སོགས་ལ་ཤུགས་བསྣན་པ་བརྒྱུད། ཕྱུགས་ལས་ཐོན་ལས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།

རྫོང་འདིས་ས་དེའི་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་སུ་འགྲོ་བའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་སྤེལ་བ་དང་། ནུས་ཤུགས་ཡོད་དགུ་བཏོན་ནས་ཚན་རིག་གི་ལམ་ནས་ཕྱུགས་ཟོག་གསོ་སྤེལ་བྱེད་པར་ཁྱབ་གདལ་དུ་བཏང་།  2008ལོ་ནས་བཟུང་ཕྱུགས་ལས་ཐོན་སྐྱེད་ལ་ཤུགས་བསྣན་པ་དང་།  རིམ་པ་སོ་སོའི་སྡེ་ཁག་གི་མཉམ་དུ་འབད་པ་བྱས་འོག  སྔ་གཞུག་ཏུ་ཕྱུགས་བསྐྱུར་རྩྭ་སྐྱོང་བཟོ་འགོད་དང་འབྲོག་པའི་གཏན་སྡོད་བཟོ་འགོད། རྨོ་བསྐྱུར་ནག་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ཐོན་ལས་གསོ་སྤེལ་ལས་རིགས་རྣམ་གྲངས་ལག་བསྟར་བྱེད་པ། ཚད་ལྡན་ཅན་གྱི་གསོ་ཕག་གསོ་སྤེལ་ར་བའི་འཛུགས་སྐྲུན་རྣམ་གྲངས།  དེང་རབས་ཞིང་ལས་གསོ་ཕག་གསོ་སྤེལ་ལས་རིགས་རྣམ་གྲངས།  ཤང་གྲོང་གི་ཕྱུགས་ལས་སྨན་ཁང་མ་ལག་འཛུགས་སྐྲུན་རྣམ་གྲངས་སོགས་ལེགས་འགྲུབ་བྱུང་བར་རྫོང་འདིའི་ཕྱུགས་ལས་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཕྱུགས་ལས་ལ་བརྟེན་ནས་དཔལ་འབྱོར་གོང་འཕེལ་བྱེད་པ་དང་ཐོན་ལས་གཞི་ཁྱོན་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། ཞིང་སྡེའི་དཔལ་འབྱོར་གོང་འཕེལ་དང་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་འདེད་བྱས་པ་རེད།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག