མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་གྱི་སྐབས8པའི་སྤྱི་ཚོགས་ཚན་རིག་རིག་གཞུང་ལོ་ཚོགས་བདེ་ཆེན་ཁུལ་དུ་བསྡུ་རྒྱུ་ཡིན་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-10-24 10:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བོད་རིག་པའི་ཞིབ་འཇུག་གླིང་གིས་གཙོ་སྒྲུབ་བྱས་པ་དང་།  བདེ་ཆེན་ཁུལ་སྤྱི་ཚོགས་ཚན་རིག་གླིང་གིས་སྒྲུབ་འགན་ཁུར་བའི་ཡུན་ནན་ཞིང་ཆེན་གྱི་སྐབས8པའི་སྤྱི་ཚོགས་ཚན་རིག་རིག་གཞུང་ལོ་ཚོགས་ཟླ10བའི་ཚེས27ཉིན་བདེ་ཆེན་ཁུལ་དུ་བསྡུ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་ཚོགས་འདུ་ལས“བོད་རིག་པ་དང་བདེ་ཆེན་ཞིབ་འཇུག”བརྗོད་དོན་དུ་བཟུང་ནས། ཁུལ་ཕྱི་ནང་གི་ཆེད་ལས་མཁས་པ་གདན་ཞུ་བྱས་ཏེ་བདེ་ཆེན་ཁུལ་གྱི་བོད་རིག་པའི་བྱ་གཞག་གི་གནས་བབ་དང་མདུན་ལྗོངས་ཐད་བགྲོ་གླེང་ཟབ་མོ་བྱེད་རྒྱུ་རེད།

ཤེས་གསལ་བྱུང་བ་ལྟར་ན། བདེ་ཆེན་ཁུལ་བོད་རིག་པའི་ཞིབ་འཇུག་གླིང་གིས་དུས་དེབ《བདེ་ཆེན་ཁུལ་གྱི་བོད་རིག་པའི་ཞིབ་འཇུག》མིག་སྔར་རྩོམ་སྒྲིག་བྱས་ཚར་ཡོད་ལ།  《བདེ་ཆེན་ཁུལ་གྱི་བོད་རིག་པའི་ཞིབ་འཇུག》ནི་བདེ་ཆེན་ཁུལ་བོད་རིག་པའི་ཞིབ་འཇུག་གླིང་གི་རིག་གཞུང་དུས་དེབ་ཞིག་ཡིན་པའི་ཆ་ནས། གཙོ་བོར་ཁུལ་ནང་ཁུལ་གྱི་འབྲེལ་ཡོད་བོད་རིག་པ་དང་འབྲེལ་ཡོད་མི་རིགས་རིག་གནས་ཕྱོགས་ཀྱི་དཔྱད་རྩོམ་བཀོད་འདུག་པས། བདེ་ཆེན་ཁུལ་གྱི་བོད་རིག་པའི་ཞིབ་འཇུག་ཐད་ཀྱི་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱེད་པའི་གཤིན་ས་ཞིག་ཡིན། 《བདེ་ཆེན་ཁུལ་གྱི་བོད་རིག་པའི་ཞིབ་འཇུག》དུས་དེབ་ཁང་གི་རྩོམ་སྒྲིག་པ་རྟ་མགྲིན་ཐར་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། སང་ལོ་ནས་བཟུང་དུས་དེབ་ཏུ་བསྒྱུར་རྒྱུ་ཡིན་པ་དང་།  བོད་ཡིག་པར་ངོས་ཡིན་པའི《བདེ་ཆེན་ཁུལ་གྱི་བོད་རིག་པའི་ཞིབ་འཇུག》འགྲེམ་སྤེལ་བྱེད་རྒྱུ་ཡིན།  །  

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག