མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྒྱལ་ཐང་གྲོང་རྡལ་གྱི་མི་རིགས་དམངས་ཁྲོད་རིག་གནས་འགྲེམ་སྟོན་ཁང་ཕྱི་ཕྱོགས་ལ་སྒོ་འབྱེད་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-21 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས17ཉིན། ཁོན་མིན་གྲོང་ཁྱེར་ནས་ཐོན་པའི་གནས་སྐོར་བ་འགའ་སྤྲོ་སེམས་འཁོར་བའི་ངང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་རྒྱལ་ཐང་གྲོང་རྡལ་མི་རིགས་རིག་གནས་འགྲེམ་སྟོན་ཁང་དུ་ཕེབས་ནས་ལྟ་སྐོར་བྱེད་བཞིན་པའི་ཚུལ། རྒྱལ་ཐང་གྲོང་རྡལ་གྱི་མི་རིགས་རིག་གནས་འགྲེམ་སྟོན་ཁང་ནི་ད་ལོའི་ཟླ8པའི་ནང་ལེགས་འགྲུབ་བྱུང་བ་ཡིན་ལ། པར་རིས་འགྲེམ་སྟོན་དང་མི་རིགས་ཀྱི་དམངས་ཁྲོད་རིག་གནས་འཁྲབ་སྟོན། སྨྱན་མང་གཟིགས་འགྲེམ་སྟོན་བྱེད་པ་སོགས་འདུས་པས། རྒྱལ་ཐང་གྲོང་རྡལ་གྱི་མི་རིགས་རིག་གནས་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་ཞིག་ཏུ་གྱུར་ཡོད།  འགྲེམ་སྟོན་ཁང་ཕྱི་ཕྱོགས་ལ་སྒོ་འབྱེད་ནས་ད་ལྟའི་བར། གནས་སྐོར་བ་མི་ཐེངས4000ལྷག་སྣེ་ལེན་བྱས་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག