མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཆེད་མཁས་པས་ཀླད་འཁུམས་ནད་པར་ཡང་བསྐྱར་སྨན་བཅོས་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-10-20 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བདེ་ཆེན་མི་དམངས་ལ་བཅངས་པའི་བརྩེ་བ་དྲོན་མོ་སེམས་ལ་རུམ་ནས། 2014ལོའི་སེམས་མཐུན·མཉམ་དུ་ཀྲུང་གོའི་སེམས་གཏོད་པ་བདེ་ཆེན་དུ་བསྐྱོད་པའི་སྤྱི་ཕན་བྱ་འགུལ་དེ་སེམས་ཀྱི་ཉི་ཟླ་མི་དམངས་སྨན་ཁང་ནས་ཡང་བསྐྱར་རྒྱུན་བསྲིངས་པ་རེད། ཟླ9པའི་ཚེས26ཉིན་ནས་རྒྱལ་སྟོན་དུས་ཆེན་གྱི་བར་དུ་པེ་ཅིང་ཀྲུང་སྨན་སློབ་ཆེན་ཏུང་ཀྲི་མེན་སྨན་ཁང་གི་དང་བླངས་ཆེད་ལས་སྨན་པ7ཡང་བསྐྱར་སེམས་ཀྱི་ཉི་ཟླ་མི་དམངས་སྨན་ཁང་དུ་འབྱོར་ནས། ཀླད་པའི་བྱེད་ནུས་ཤོར་བའི་ནད་པ16ལ་སྨན་བཅོས་བྱས་པ་མ་ཟད། སྨན་པ་དང་ནད་སྐྱོང་མི་སྣར་ཆེད་ལས་ཀྱི་གསོ་སྦྱོང་དང་ལས་སྒོའི་མཛུབ་སྟོན་ཡང་གནང་བ་རེད།

ཟླ9པའི་ཚེས26ཉིན་སྨན་བཅོས་རུ་ཁག་པེ་ཅིང་ནས་སེམས་ཀྱི་ཉི་ཟླར་ཐོན་པ་དང་། སྤྱིར་ན་སྨན་བཅོས་ནི་ཕྱི་ཉིན་ནས་མགོ་རྩོམ་རྒྱུ་གྲ་སྒྲིག་བྱས་ཡོད་ཀྱང་། སྤྱི་ལེ་བཅུ་ཕྲག་ཁ་ཤས་ཀྱི་མཚམས་ནས་ནད་སྟོན་དུ་ཡོང་བའི་ནད་པ་རྣམས་སྨན་ཁང་དུ་བསྡད་ཡོད་པ་གོ་རྗེས། ཁོ་ཚོ་གནམ་གྲུ་ལས་བབས་མ་ཐག་ཡིན་རུང་། ཀྲུའུ་རེན་ཞུས་ལིན་གྱིས་སྣེ་ཁྲིད་འོག མཐོ་སྒང་གི་དབྱང་རླུང་མི་འདང་བའི་གནས་ཚུལ་ཁྱད་བསལ་བྱས་ཏེ། ཅ་ལག་བཞག་ནས་དེ་མ་ཐག་སྨན་ཁང་དུ་སོང་སྟེ་ལས་ཀ་ལས་མགོ་བརྩམས། ནད་གཞི་མི་འདྲ་བར་དམིགས་ཏེ་མགྱོ གས་མྱུར་གྱིས་སང་ཉིན་གྱི་གཤགས་བཅོས་ཇུས་གཞི་བཟོས། ཉིན་གཉིས་རིང་གི་སྨན་བཅོས་བྱས་པ་བརྒྱུད། ནད་པ16ལ་རྣམ་པ་མི་འདྲ་བའི་གཤགས་བཅོས་བྱེད་ཐུབ་པ་བྱུང་བ་དང་། ཉིན10ལྷག་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་ན་སྨན་ཁང་ལས་བུད་ཆོག་པ་རེད། ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། གོང་གི་གཤགས་བཅོས་རིགས་དེ་འདྲ་བྱེད་དགོས་ཚེ། གལ་ཏེ་པེ་ཅིང་དུ་སོང་ནས་སྨན་བཅོས་བྱེད་པ་ཡིན་ན་གཞན་གྱི་འགྲོ་གྲོན་མ་རྩིས་ཚེ། ནད་པ་རེ་ལ་མ་མཐའ་ཡང་སྒོར་ཁྲི5ཡི་གཤགས་བཅོས་འགྲོ་སོང་གྲ་སྒྲིག་བྱེད་དགོས་ཟེར། གཤགས་བཅོས་བྱས་ཟིན་པའི་ནད་པ་ཞིག་གིས་ཐེངས་འདིའི་ནད་བཅོས་བྱས་པ་བརྒྱུད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་མོའི་བདེ་སྐྱིད་དང་དྲོད་ཁོལ་ཉམས་སུ་མྱོང་ཐུབ་པ་བྱུང་བ་དང་། དེར་མ་ཟད་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་དེ་དཀའ་ངལ་ཡོད་པའི་མཐའ་མཚམས་ས་ཆ་ནས་དོན་དངོས་ཀྱི་མངོན་འགྱུར་བྱུང་ཡོད་པའང་མཚོན་ཐུབ་ཟེར།

ཐེངས་འདིའི་བྱ་འགུལ་ལེགས་པར་སྒྲུབ་པར་རོགས་འདེགས་བྱ་ཆེད། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྨན་ཁང་རྨས་སྐྱོན་ཚན་ཁག་གིས་ནད་པའི་མལ་ཁྲི20ལྷག་བཀོད་སྒྲིག་བྱས་ནས་ལས་ཀའི་ཚོ་ཆུང་བཙུགས་པ་དང་། འབྲེལ་ཡོད་ལས་སྒོའི་མི་སྣ་རྩ་འཛུགས་བྱས་ཏེ། ཆེད་མཁས་པས་བདེ་བླག་ངང་ནད་བཅོས་བྱེད་པའི་གྲ་སྒྲིག་ལས་ཀ་ཡག་པོ་སྒྲུབ་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱིས་དེའི་ཐད་ལ་བསྟོད་བསྔགས་གནང་ཡོད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག