མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཧོང་དབྱིས་སེམས་ཀྱི་ཉི་ཟླ་རྫོང་གི་སློབ་གསོ་དང་ལག་ལེན་བྱེད་སྒོར་མཆན་བཀོད་མཛུབ་སྟོན་གནང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-10-20 10:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་རྫོང་ལ་འབྲེལ་གཏུག་བྱེད་འགན་འཁུར་བའི་ཡུན་ནན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ།ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧོང་དབྱིས་རྫོང་དེའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོའི་ལས་ཀར་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་ཞིང་།རྫོང་དེའི་སློབ་གསོ་དང་ལག་ལེན་བྱེད་སྒོར་གདེང་འཇོག་གང་ལེགས་གནང་བ་དང་།གོམ་རིམ་འོག་མའི་ལས་ཀར་བླང་བྱ་བཏོན་པ་རེད།

མཆན་བཀོད་མཛུབ་སྟོན་ཐོག་བསྟན་དོན།འབོར་ཐེངས་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་བསྡུ་འགོ་ཚུགས་པའི་ཚུན།ཞིང་ཆེན་དང་ཁུལ་ལྟ་སྐུལ་མཛུབ་སྟོན་ཚོ་ཆུང་གིས་གཟབ་ནན་གྱིས་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་ཞིབ་ཕྲའི་མཛུབ་སྟོན་བྱས་འོག སེམས་ཀྱི་ཉི་ཟླ་རྫོང་གིས་ཚད་གཞི་ནན་པོ་དང་བྱ་ཐབས་ནན་པོ།སྒྲིག་ལམ་ནན་པོ་ཡིས་“སྤྱོད་ཚུལ་བཞི”ལ་དམིགས་ནས།འབུར་དུ་ཐོན་པའི་གནད་དོན་ལ་ནུས་ཡོད་ཀྱིས་སྒྲིག་བཅོས་བྱས་ཤིང་།ལམ་ལུགས་ཀྱི་འཆིང་རྒྱ་དེ་ཇེ་དམ་དུ་བཏང་བ།སློབ་གསོ་དང་ལག་ལེན་བྱེད་སྒོར་ཁྱད་ཆོས་བཏོད་པ་དང་དཔེ་སྟོན་བྱས་ཡོད།སློབ་གསོ་དང་ལག་ལེན་བྱེད་སྒོར་བརྒྱུད་ནས་ཏང་དང་མང་ཚོགས་བར་དང་།ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེ་ལ་བ་ཇེ་དམ་དུ་བཏང་ཡོད་ཅིང་།ཏང་རྩ་འཛུགས་ཀྱི་གསར་སྐྲུན་ནུས་ཤུགས་དང་གོང་བུར་འགྲིལ་ཤུགས།འཐབ་འཛིང་ནུས་ཤུགས་བཅས་ཇེ་མཐོར་བཏང་བ།གོམ་གང་མདུན་སྤོས་ཀྱིས་མི་དམངས་ཀྱི་ཆེད་དུ་དོན་དངོས་གཉེར་བ་དང་།དྭངས་གཙང་གི་རྣམ་པ་བཟང་པོ་ཞིག་འཛུགས་ཡོད།

མཆན་བཀོད་མཛུབ་སྟོན་ཐོག སྤྱོད་ཚུལ་འཛུགས་སྐྱོང་དེ་དུས་གཏན་དུ་མཚམས་འཇོག་རྒྱུ་མེད།མིག་སྔར།ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོའི་ཕྱོགས་བསྡོམས་ཚོགས་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་ཏན་ཏིག་བྱེད་དགོས་ཤིང་།ཡུན་ནན་ཞིང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོའི་ཕྱོགས་བསྡོམས་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་ཏན་ཏིག་བྱེད་དགོས།མུ་མཐུད་དུ་“འཛེར་རྒྱག་པའི་”སྙིང་སྟོབས་དེ་དར་སྤེལ་གཏོང་བ་དང་།སྤྱོད་ཚུལ་འཛུགས་སྐྱོང་ཡག་པོ་བྱེད་པའི་“རྒྱུན་སྲིང་དམག་འཐབ”ཡག་པོ་རྒྱག་དགོས།གཅིག་ནས་འདུ་ཤེས་ཟབ་ཏུ་གཏོང་བ་དང་བསམ་བློ་ལྷོད་གཡེང་མི་གཏོང་བ་བྱ་དགོས།གཉིས་ནས་དངོས་ཕན་ཐོབ་པར་འབད་བརྩོན་བྱེད་པ་དང་།ཁ་ཐོག་ལག་བཞག་དང་།ཁས་བླངས་པ་དེ་དངོས་འགྲུབ་ཐུབ་པ་བྱ་དགོས།གསུམ་ནས་སྒྲིག་བཅོས་དང་དག་ཐེར་གཏིང་ཟབ་ཏུ་གཏོང་བ་དང་།མི་དམངས་ལ་བྱ་བ་དངོས་སྒྲུབ་ཅིང་བྱ་བ་ཡག་པོ་སྒྲུབ་དགོས།བཞི་ནས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་འཛིན་དང་ཞིབ་འཛིན་བྱེད་པའི་ལམ་ལུགས་ཚད་ལྡན་ཅན་དང་ཚན་རིག་ཅན་དུ་འགྱུར་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག