མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གི་ཤང་དང་གྲོང་རྡལ་འགར་དྲག་ཆར་དང་སེར་བའི་གནོད་སྐྱོན་ཐེབས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-10-20 10:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་ལ་དྲག་ཆར་དང་སེར་བའི་གནོད་སྐྱོན་ཐེབས་ནས། པའོ་ཧོ་དང་ཡུང་ཁྲོན། ཕང་ཐན་སྒང་། ཀྲུང་ལུའུ། ཝེ་ཏེང་བཅས་ཤང་དང་གྲོང་རྡལ་ལྔའི་ཆུ་འབྲས་དང་སྲན་ཆེན། མ་རྨོས་ལོ་ཏོག་སོགས་ལོ་ཏོག་ལ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས་པ་དང་། དེའི་ནང་པའོ་ཧོ་གྲོང་རྡལ་དང་ཕང་ཐན་སྒང་ཤང་ལ་གནོད་སྐྱོན་ཐེབས་ཚད་དྲག་པོ་བྱུང་།

འབའ་ལུང་རྫོང་ཞིང་འབྲོག་དང་ཚན་རིག་ལག་རྩལ་ཅུས། རྫོང་དམངས་སྲིད་ཅུས་བཅས་ཀྱིས་ཐོག་མའི་བསྡོམས་རྩིས་བྱས་པ་ལྟར་ན། རྫོང་ཡོངས་ཀྱི་གནོད་སྐྱོན་ཐེབས་པའི་རྒྱ་ཁྱོན་མུའུ་10281ཡོད། དེའི་ཕང་ཐན་སྒང་ཤང་ལ་མུའུ་4913(ཆུ་འབྲས་མུའུ་1955དང་བྲ་བོ་མུའུ་294 སྔོ་ཚལ་མུའུ་555 སྲན་ཆེན་མུའུ་1268 ཀྲུང་ལུགས་སྨན་རྫས་མུའུ་841)ཡོད་ཅིང་། པའོ་ཧོ་གྲོང་རྡལ་ལ་མུའུ་4008(ཆུ་འབྲས་མུའུ་1801དང་སྔོ་ཚལ་མུའུ་1480 ཀྲུང་ལུགས་སྨན་རྫས་མུའུ་407 མ་རྨོས་ལོ་ཏོག་མུའུ་120 རྒུན་འབྲུམ་མུའུ་200)ཡོད། འཕྲུལ་ཆས་ཀྱིས་རྨོ་བའི་ལམ་སྨི་50ཡོད། ཡུང་ཁྲོན་ཤང་ལ་མུའུ་639(སྔོ་ཚལ་མུའུ་172དང་ཀྲུང་ལུགས་སྨན་རྫས་མུའུ་122 སྲན་ཆེན་མུའུ་345)ཡོད། ཀྲུང་ལུའུ་ཤང་ལ་མུའུ་691(ཆུ་འབྲས་མུའུ་395དང་བྲ་བོ་མུའུ་155 སྔོ་ཚལ་མུའུ་141)ཡོད། ཤིང་ཏོག་རྒྱ་མ་17100དང་། རྡོ་བལ་དང་ཨར་འདམ་གྱི་རྫ་གཡམ་100 ཨར་འདམ་གྱི་རྫ་གཡམ་200བཅས་ལ་གནོད་སྐྱོན་བྱུང་བ། ཝེ་ཏེང་ཤང་གི་པའེ་ཡུན་སྲན་རིགས་མུའུ་30ལ་གནོད་སྐྱོན་ཐེབས་ཡོད།

མིག་སྔར། གནོད་སྐྱོན་གྱིས་བཏོད་པའི་དཔལ་འབྱོར་གོད་ཀ་ད་དུང་གོམ་གང་མདུན་སྤོས་ཀྱིས་བསྡོམས་རྩིས་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག