མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སྔ་མའི་དུས་ཚིགས་གསུམ་དུ་སེམས་ཀྱི་ཉི་ཟླ་རྫོང་གི་དཔལ་འབྱོར་བརྟན་བརླིང་ངང་མཐོ་རུ་འཕར་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-10-20 10:29

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་བསྡོམས་རྩིས་སྡེ་ཁག་ནས་ཤེས་གསལ་བྱུང་དོན། ད་ལོའི་ཟླ་1པོ་ནས་ཟླ་9པའི་བར་དུ་སེམས་ཀྱི་ཉི་ཟླ་རྫོང་གིས་སྔོན་རྩིས་ལྟར་ན་རྫོང་ཁོངས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་539004མངོན་འགྱུར་བྱུང་ཞིང་། འགྱུར་མེད་རིན་གོང་ལ་གཞིགས་ནས། དུས་མཉམ་ལས་8.9%མཐོ་རུ་འཕར་བ་རེད།

ད་ལོ་ནས་བཟུང་། སེམས་ཀྱི་ཉི་ཟླ་རྫོང་གིས་ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་མཐའ་ཕྱིན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བརྟན་པོའི་ཁྲོད་དུ་ཡར་ཐོན་བྱུང་བའི་སྤྱིའི་ནང་དོན་གཙོ་བོ་རྒྱུན་འཁྱོངས་བྱེད་པ། དམ་པོའི་ངང་ལས་ཀ་ཁག་དོན་འཁྱོལ་བྱེད་དེ། དཔལ་འབྱོར་བརྟན་བརླིང་ངང་གོང་སྤེལ་གཏོང་བར་ཁག་ཐེག་བྱས། ཐོན་ལས་བགོས་ནས་བལྟས་ན། སྔ་མའི་དུས་ཚིགས་གསུམ་དུ་སེམས་ཀྱི་ཉི་ཟླ་རྫོང་གི་ཐོན་ལས་དང་པོར་སྔོན་རྩིས་ལྟར་འཕར་གྲངས་སྒོར་ཁྲི་25336མངོན་འགྱུར་བྱུང་ཞིང་། དུས་མཉམ་ལས་6.0%འཕར་བ། ཐོན་ལས་གཉིས་པར་སྔོན་རྩིས་ལྟར་འཕར་གྲངས་སྒོར་ཁྲི་167272མངོན་འགྱུར་བྱུང་ཞིང་། དུས་མཉམ་ལས་2.9%འཕར་བ། ཐོན་ལས་གསུམ་པར་སྔོན་རྩིས་ལྟར་འཕར་གྲངས་སྒོར་ཁྲི་346396མངོན་འགྱུར་བྱུང་ཞིང་། དུས་མཉམ་ལས་12.0%འཕར་བ། སྣ་རིགས་བགོས་ནས་བལྟས་ན། སྔ་མའི་དུས་ཚིགས་གསུམ་དུ་སེམས་ཀྱི་ཉི་ཟླའི་ཞིང་ལས་ཐོན་སྐྱེད་ཀྱི་གནས་བབ་ཕལ་ཆེར་བརྟན་བརླིང་བྱུང་ཡོད་མོད། འོད་ཀྱང་བཟོ་ལས་ཐོན་སྐྱེད་ཀྱི་གོང་སྤེལ་དལ་བ། ལྷག་པར་དུ་གཞི་ཁྱོན་ཡན་གྱི་ཁེ་ལས་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་སྔོན་རྩིས་ལྟར་ན་སྒོར་ཁྲི་194667ལེགས་འགྲུབ་བྱུང་ཞིང་། དུས་མཉམ་ལས་10.7%མར་འབབ་ཡོད། གཞན་ཡང་། སེམས་ཀྱི་ཉི་ཟླ་རྫོང་གི་གཏན་འཇགས་རྒྱུ་ནོར་གྱི་དངུལ་འཇོག་འཕར་ཚད་བརྟན་ཞིང་དལ་བ། ཟླ་1པོ་ནས་ཟླ་9པའི་བར་དུ་སྔོན་རྩིས་ལྟར་ན་རྫོང་ཁོངས་ཀྱི་སྒོར་ཁྲི་500ཡན་གྱི་གཏན་འཇགས་རྒྱུ་ནོར་གྱི་དངུལ་འཇོག་སྤྱི་གྲངས་སྒོར་ཁྲི་623312ལེགས་འགྲུབ་བྱུང་ཞིང་། སྔ་ལོའི་དུས་མཉམ་ལས་7.7%འཕར་ཏེ། ལོ་ཡོངས་ཀྱི་དམིགས་འབེན་ལས་འགན་གྱི་50.8%ལེགས་འགྲུབ་བྱུང་བ་རེད།

ཉེ་སྔོན། སེམས་ཀྱི་ཉི་ཟླ་རྫོང་གིས་སྔ་མའི་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་ཀྱི་དབྱེ་ཞིབ་གྲོས་ཚོགས་འཚོགས་ནས། གོམ་རིམ་རྗེས་མར་ཅི་འདྲས་དཔལ་འབྱོར་ལས་ཀའི་སྒྲུབ་ཤུགས་ཆེ་རུ་གཏོང་རྒྱུའི་བཀོད་སྒྲིག་བྱས།

དུས་ཚིགས་བཞི་པར། སེམས་ཀྱི་ཉི་ཟླ་རྫོང་གིས་སྔར་ལས་ལྷག་པར་གནད་ཆེའི་རྣམ་གྲངས་ལ་སྐུལ་འདེད་གཏོང་ཚད་མགྱོ གས་སུ་གཏོང་ཞིང་།ལྷག་པར་དུ་མགྱོ གས་པོའི་ངང་རྣམ་གྲངས་ཀྱི་དུས་སྐབས་སྔ་མའི་ལས་ཀར་སྐུལ་འདེད་བཏང་སྟེ། གནད་ཆེའི་རྣམ་གྲངས་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱེད། ཟླ་10པ་དང་ཟླ་11པའི་ནང་དུ་དུས་སྐབས་སྔ་མའི་ལས་ཀའི་རྐྱེན་གྱིས་ལས་འགོ་ཚུགས་མི་ཐུབ་པའི་གནད་ཆེའི་རྣམ་གྲངས་འབོར་ཚོ་ཞིག་ལས་འགོ་ཚུགས་རྒྱུ་དང་། གསར་སྣོན་རྣམ་གྲངས་འབོར་ཚོ་ཞིག་ཀྱང་ལས་འགོ་ཚུགས་རྒྱུ་ཁག་ཐེག་བྱེད་དགོས། དུས་མཚུངས་སུ། རྫོང་འདིས་ད་དུང་འཛུགས་སྐྲུན་བྱེད་བཞིན་པ་དང་རྒྱུན་མཐུད་ཀྱིས་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ལ་མགྱོ གས་པོའི་ངང་སྐུལ་འདེད་གཏོང་བ། སྤུས་ཚད་དང་བདེ་འཇགས་ཁག་ཐེག་བྱེད་པའི་རྨང་གཞིའི་འོག ནན་ཏན་གྱིས་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་འཕྲད་པའི་གནད་དོན་ཐག་གཅོག་བྱེད་པ་དང་། རྣམ་གྲངས་ཀྱི་འཛུགས་སྐྲུན་མགྱོ གས་སུ་བཏང་ནས། རྣམ་གྲངས་འབོར་ཚོ་ཞིག་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱེད་རྒྱུ། གཞན་ཡང་སེམས་ཀྱི་ཉི་ཟླ་རྫོང་གིས་ད་དུང་གཅིག་གྱུར་གྱིས་ལས་ཀ་ཁག་ལ་སྐུལ་འདེད་གཏོང་ཞིང་། ལོ་ཡོངས་ཀྱི་རྒྱལ་དམངས་ཀྱི་ཐོན་སྐྱེད་སྤྱི་གྲངས་བརྟན་བརླིང་ངང་མཐོ་རུ་འཕར་བ་ལ་ཁག་ཐེག་བྱེད་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག