མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

“མཐོ་སྒང་བུམ་པའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་འགོ་ཚུགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-10-20 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁུལ་ལུས་རྩལ་ཅུས་དང་ཁུལ་སྤྱི་ཁྱབ་བཟོ་ཚོགས།ཐོན་ཁུལ་ཨུ་བཅས་ཀྱིས་གཙོ་སྒྲུབ་བྱེད་ཅིང་།ཁུལ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་ལེན་བྱེད་པའི་སྐབས་བཅུ་བདུན་པའི་“མཐོ་སྒང་བུམ་པའི”གཟའ་མཇུག་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་དེ་ཚེས་11ཉིན་གྱི་ཕྱི་དྲོར་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ཁང་དུ་འགོ་ཚུགས་པ་རེད།སྐབས་འདིའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་དུ་ཁྱོན་བསྡོམས་རུ་ཁག་19ཞུགས་ཡོད་དེ།“མཐོ་སྒང་བུམ་པ”བཙུགས་པའི་ཚུན་འགྲན་བསྡུར་དུ་ཞུགས་པའི་རུ་ཁག་ཆེས་མང་བའི་ཟིན་ཐོ་བཀོད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།“མཐོ་སྒང་བུམ་པའི”གཟའ་མཇུག་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བསྡུ་བའི་དམིགས་ཡུལ་ནི་ཁུལ་ཡོངས་ཀྱི་རིག་གནས་ལུས་རྩལ་བྱ་གཞག་སྔར་ལས་ལྷག་པར་འཕེལ་རྒྱས་གཏོང་བ་དང་།སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་རྣམ་པ་མཐོ་རུ་གཏོང་བ།དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞིའི་མདོ་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྐང་རྩེད་སྤོ་ལོའི་རྣམ་གྲངས་འཕེལ་རྒྱས་གཏོང་རྒྱུའི་མཛུབ་སྟོན་དོན་འཁྱོལ་མཐར་ཕྱིན་ཏན་ཏིག་བྱེད་ཅིང་།རྒྱ་ཆེའི་ལས་བྱེད་ལས་བཟོ་དང་བཟོ་པ།ན་གཞོན་བཅས་རྐང་རྩེད་སྤོ་ལོ་ལ་དགའ་མཁན་གྱི་དགོས་མཁོ་སྐོང་བ།རྐང་རྩེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།སྐབས་འདིའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་བྱེད་པའི་དུས་ཚོད་ནི་ཟླ་10པའི་ཚེས་11ཉིན་ནས་ཟླ་11པའི་ཚེས་29ཉིན་བར་ཡིན་ཞིང་།འགྲན་བསྡུར་དེ་ཚོ་ཆུང་བགོས་ནས་རེས་འཁོར་འགྲན་བསྡུར་བྱེད་པ་དང་།བླང་དོར་འགྲན་བསྡུར།རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཕྱེད་ཙམ།རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་བཅས་དུས་རིམ་ཁག་གསུམ་དུ་བགོས་ཡོད།རེས་འཁོར་འགྲན་བསྡུར་གྱི་སྐབས་སུ་གཟའ་འཁོར་རེའི་གཟའ་མཇུག་ཏུ་འགྲན་བསྡུར་ཐེངས་7སྒྲིག་འཛུགས་བྱེད་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག