མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་དུ་ཞིང་བའི་ཡོང་སྒོ་རྐྱང་བ་ལོ་རེར་ཆ་སྙོམས་ཀྱི22%འཕར་བཞིན་ཡོད་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-17 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”ཡར་སྔོན་དུ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་སྐྱོར་ཐད་བཏང་བའི་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར14.12ལ་ཟིན་ཡོད་པ་དང་།  ཞིང་བའི་ཡོང་སྒོ་རྐྱང་བ2010ལོའི་སྒོར3347ལས2013ལོའི་སྒོར5571ལ་འཕར་ཡོད་པ་དང་ལོ་རེར་ཆ་སྙོམས་ཀྱི22%ཡར་འཕར་བཞིན་ཡོད།  ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་དབུལ་སྐྱོར་མ་དངུལ་སྒོར2300ཡི་འཆར་གཞི་ལྟར། ཞིང་སྡེའི་དབུལ་ཕོངས་མི་གྲངས2010ལོའི་མི་གྲངས་ཁྲི19.91ལས2013ལོའི་ལོ་མཇུག་བར་གྱི་མི་གྲངས་ཁྲི13.31ཇེ་ཉུང་དུ་སོང་ཡོད་པ་དང་།  དབུལ་ཕོངས་ལས་ཐར་བའི་མི་གྲངས་ཁྲི6.6ཡི་ཁ་རྒྱབ་གནད་དོན་ཐག་བཅད་པ་དང་།  དབུལ་ཕོངས་ལས་ཐར་ཚད22%ཟིན།  དབུལ་ཕོངས་བྱུང་ཚད63.7%ལས42.28%ཇེ་ཉུང་དུ་སོང་ཡོད་པས།  ཁུལ་ཡོངས་ཀྱི་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་སོང་ཡོད་པ་མངོན་གསལ་ཡིན་པ་དང་། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་ཡོད་པ་མ་ཟད།  མང་ཚོགས་ཀྱི་བྱང་ཚད་ཀྱང་ཇེ་མཐོང་སོང་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག