མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས2014ལོའི་རྒན་བཀུར་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་སྔོན་ཐོན་མི་སྣར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་བསྡུས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-16 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས10ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་རྫོང་ཟློས་གར་ཁང་དུ2014ལོའི་རྒན་བཀུར་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་སྔོན་ཐོན་མི་སྣར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་བསྡུས་ཏེ། རྫོང་རིམ་པའི་སྔོན་ཐོན་མི་སྣ25ལ་གཟེངས་བསྟོད་བྱས།  མིག་སྔར། འབའ་ལུང་རྫོང་གིས་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་འཆར་འགོད་ལྟར། སྡེ་བ5རུ་རྒན་གསོ་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དང་ད་ལྟའི་བར་རྣམ་གྲངས4ལེགས་འགྲུབ་བྱུང་ཞིང་།  རྫོང་ཡོངས་ནས་ཞིང་སྡེའི་བདེ་སྐྱིད་གླིང20འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱས་པ་དང་མིག་སྔར་རྣམ་གྲངས9ལེགས་འགྲུབ་བྱུང་ཡོད་པ་ལས་གཞན།  འབའ་ལུང་རྫོང་ལྟེ་གནས་རྒན་གསོ་ཁང་དང་འབའ་ལུང་རྫོང་སྤྱི་ཚོགས་ཕན་བདེ་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་སོགས་བདེ་བླག་ངང་སྤེལ་བཞིན་ཡོད།  རྣམ་གྲངས་འདི་དག་ལེགས་འགྲུབ་བྱུང་བ་ལས་ཕན་འབྲས་ཡོད་པའི་སྒོ་ནས་བགྲེས་པོ་དབུལ་ཕོངས་དག་ལ་འཚོ་བ་དང་སྨན་བཅོས།  རོལ་རྩེད་དང་བསམ་པའི་འཚོ་བ་ཕྱོགས་ཀྱི་དཀའ་ཁག་སེལ་རོགས་བྱེད་ཐུབ་པས། ཕན་འབྲས་ཡོད་པའི་སྒོ་ནས་ཁོ་ཚོའི་འཚོ་བར་འགན་སྲུང་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག