མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་ལན་ཐེན་མྱུར་སྐྱོར་རུ་ཁག་ཕུ་ཨར་གྲོང་ཁྱེར་གྱི་གནོད་འགོག་རྒུད་སྐྱོབ་སྟེང་ཞུགས་ནས་ཕྱིར་ཐོན་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-15 10:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས7ཉིན་གྱི་མཚན་མོར། ཡུན་ནན་ཞིང་ཆེན་ཕུ་ཨར་གྲོང་ཁྱེར་ཅིན་ཀའོ་ཏའེ་རིགས་དབྱིས་རིགས་རང་སྐྱོང་རྫོང་ལ་ས་འགུལ་བྱུང་བ་དང་། ས་འགུལ་བྱུང་རྗེས་ཀྱི་དུས་ཚོད་སྐར་མ30སྟེང་ལན་ཐེན་མྱུར་སྐྱོར་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་རུ་ཁག་འབྲིང་བ་དང་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་སྤྱི་ཕན་དང་བླངས་བའི་མཐུན་ཚོགས་བཅས་ཀྱིས་མྱུར་ཏུ་ཁོངས་མི10དང་དང་བླངས་བ་རྩ་འཛུགས་བྱས་ཏེ་མཚན་མོར་བརྒྱུད་ནས་གནོད་ཐེབས་ས་ཁུལ་དུ་སོང་།  ཅིན་ཀའོ་གནོད་ཐེབས་ས་ཁུལ་དུ་ཐོན་རྗེས་ལན་ཐེན་མྱུར་སྐྱོར་ཡུན་ནན་རུ་ཁག་ཆེ་བའི་བཀོད་འདོམས་པུའུ་དང་མཉམ་འབྲེལ་བྱས་པ་དང་།  སྤུན་ཟླའི་རུ་ཁག་གཞན་དག་དང་མཉམ་དུ་སྤྲ་གར་ཕུབ་པ་དང་མྱུར་སྐྱོར་དངོས་ཟོག་སྐྱེལ་བ། གནོད་འཚེ་གནས་ཚུལ་བརྟག་དཔྱད་བྱེད་པ་དང་། མྱུར་སྐྱོར་དངོས་ཟོག་འགྲེམ་གཏོང་བྱེད་པ་སོགས་བྱ་བར་ཞུགས།  དུས་ཡུན་ཉིན3རིང་གི་མྱུར་སྐྱོར་བྱས་པ་བརྒྱུད།  ། ཚེས11ཉིན་གྱི་མཚན་མོའི་དུས་ཚོད8སྟེང་བདེ་བླག་ངང་ཕྱིར་སེམས་ཀྱི་ཉི་ཟླ་རྫོང་དུ་ཐོན།  །

རྩོམ་སྒྲིག་པ: ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ: དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག