མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་གིས་ཏང་གི་མང་ཚོགས་ལམ་ལུགས་སློབ་གསོ་ལག་ལེན་བྱ་འགུལ་སྤྱི་བསྡོམས་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-15 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཚེས13ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གིས་རྫོང་ཡོངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལ་ལག་ལེན་བྱ་འགུལ་སྤྱི་བསྡོམས་བྱེད་པའི་གྲོས་ཚོགས་བསྡུས་ཤིང་།  ལས་བཟོ་བ200ལྷག་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས། གྲོས་ཚོགས་ལས་ཀྲུང་དབྱང་དང་ཡུན་ནན་ཞིང་ཆེན་ཏང་ཨུ། བདེ་ཆེན་ཁུལ་ཏང་ཨུ་བཅས་ཀྱིས་སློབ་གསོ་ལག་ལེན་བྱ་འགུལ་སྤྱི་ཚོགས་ཚོགས་ཆེན་བསྡུས་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། རྫོང་ཡོངས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་གནས་ཚུལ་ལ་ཕྱིར་དྲན་བྱས་པ་དང་།  བྱ་འགུལ་ལས་ཐོབ་པའི་གྲུབ་འབྲས་སྲ་བརྟན་ཏུ་གཏོང་བ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་སོགས་ལ་བཀོད་སྒྲིག་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག