མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ཏང་ཨུས་རྒྱུན་ཨུའི་གྲོས་ཚོགས་ཐེངས་24པ་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-10-11 10:32

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས7ཉིན།སྐབས་བདུན་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་རྒྱུན་ཨུའི་གྲོས་ཚོགས་ཐེངས24པ་འཚོགས།གྲོས་ཚོགས་སྟེང་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་པ་དང་ལས་དོན་སྒྲུབ་ཐབས་གསར་གཏོད་བྱས་ནས།ལས་དོན་ཁག་གི་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཏེ།ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་བྱས།

ཁུལ་ཨུའི་ཧྲུའུ་ཅི་དབྱིན་པའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

གྲོས་ཚོགས་ཐོག་《ཁུལ་ཨུའི་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ལས་འགན་བགོ་བའི་འཆར་གཞི》དང་《བདེ་ཆེན་ཁུལ་གྱིས“ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་དང་མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་པའི”བྱ་འགུལ་བསྡུ་བའི་སྤྱིའི་ལས་ཀའི་འཆར་གཞི》《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་ཀྱི་སྲུང་སྐྱོང་སྲོལ་ཡིག(འཆར་ཟིན )》 《ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་〈ཡུན་ནན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གསར་གཏོད་རྣམ་པའི་ཡུན་ནན་འཛུགས་སྐྲུན་བྱ་འགུལ་གྱི་འཆར་གཞི་(2013ལོ་ནས་2017ལོའི་བར)གྱི་གཏན་འབེབས〉དོན་འཁྱོལ་མཐར་ཕྱིན་བྱེད་པའི་ལག་བསྟར་བསམ་འཆར》《བདེ་ཆེན་ཁུལ་གྱིས་སྤྱོད་ཚུལ་འཛུགས་སྐྱོང་གྱི་འགན་འཁྲི་བདའ་འདེད་བྱེད་ཤུགས་དྲག་ཏུ་གཏོང་བའི་བྱ་ཐབས》སོགས་ཡིག་ཆ་ལ་ཞིབ་བཤེར་གཏན་འབེབས་བྱས་ཤིང་།ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐེངས་དྲུག་པ་དང་།ཞིང་ཨུའི་ཧྲུའུ་ཅི་ཆིན་ཀོང་རོང་གིས་བདེ་ཆེན་དུ་བརྟག་ཞིབ་བྱེད་དུས་ཀྱི་གལ་ཆེའི་མཛུབ་སྟོན།ཞིང་ཆེན་ཡོངས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་གསར་པའི་འཛུགས་སྐྲུན་གྱི་མཛུབ་སྟོན་པའི་ལས་ཀའི་སྐུལ་སྤེལ་གྲོས་ཚོགས་སོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ།རང་ཁུལ་གྱི་དོན་འཁྱོལ་བསམ་འཆར་ལ་ཞིག་འཇུག་བྱས་པ།ཞིང་ཨུའི་ཧྲུའུ་ཅི་ཆིན་ཀོང་རིང་གིས་སྐབས་དགུ་པའི་ཞིང་ཨུའི་ཐེངས་73པའི་རྒྱུན་ཨུའི་གྲོས་ཚོགས་ཐོག་གི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།རང་ཁུལ་གྱི་སློབ་གསོ་དང་ལག་བསྟར་བྱེད་སྒོའི་འབྲེལ་ཡོད་ལས་ཀར་ཞིབ་འཇུག་བྱས་པ་རེད།

དབྱིན་པའེ་ཡིས་ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་བྱེད་དུས།མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མི་རིགས་ཀྱི་སྟོབས་ཤུགས་གོང་བུར་འགྲིལ་བ།ཀྲུང་ཧྭའི་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བའི་དགོས་མཁོ་ཡིན་ཞིང་།རང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་འཛུགས་བྱེད་སྒོ་རབ་དང་རིམ་པ་བསྡུས་པར་བརྒྱུད་ནས།མི་རིགས་བར་གྱི་མཐུན་སྒྲིལ་དམ་དུ་བཏང་ཞིང་།མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་འཕེལ་རྒྱས་ཆེན་མོ་ཐོབ་ཡོད་ཅེས་བསྟན།ཁོང་གིས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ལས་བྱེད་པས་གནས་བབ་གསར་པའི་འོག་གི་མི་རིགས་ཀྱི་གནད་དོན་དང་།མི་རིགས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་རྒྱུས་ལོན་བྱས་ནས།མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་ནུས་ཤུགས་དང་ཆུ་ཚད་མཐོ་རུ་གཏོང་དགོས།རིམ་པ་ཁག་གི་ལས་བྱེད་པས་སྤྱོད་ཚུལ་བསྒྱུར་རྒྱུའི་ཐད་ཤུགས་འཇོག་དགོས་པ་དང་།མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་ཐེབས་པའི་གཏིང་རིམ་གྱི་གནད་དོན་ཐག་གཅོད་པའི་ནུས་པ་མཐོ་རུ་བཏང་སྟེ།བདེ་ཆེན་གྱི་མཐུན་སྒྲིལ་དང་བརྟན་ལྷིང་།འཆམ་མཐུན་དང་ཡུན་རིང་བདེ་འཁོད་ཡོང་བར་ནུས་ཤུགས་བཏོན་ནས་མི་རིགས་ཁག་མཐུན་སྒྲིལ་མཉམ་དར་གྱི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཞེས་ནན་བཤད་བྱས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཧོང་ཀྲེང་ཧུང་གིས་ཞིང་ཨུའི་ཧྲུའུ་ཅི་ཆིན་ཀོང་རོང་གིས་བདེ་ཆེན་དུ་བརྟག་ཞིབ་བྱེད་དུས་ཀྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱེད་དུས།ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ལས་བྱེད་པས་ཞིང་ཨུའི་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་རྒྱུ་དེ་སྒུལ་ཤུགས་སུ་བྱས་ནས།ཧྲུའུ་ཅི་ཆིན་ཀོང་རོང་གིས་བཏོན་པའི་“སྔོན་གྲས་སུ་སྐྱོད་རྒྱུ་དྲུག”གི་བླང་བྱ་ལྟར།ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་བརྟེན་ནས་སྐྱེ་དངོས་ཆེན་མོ་དང་ཡུལ་སྐོར་ཆེན་མོ།ནུས་ཁུངས་ཆེན་མོའི་ཐོན་ལས་སོགས་གཏོད་པར་ཐབས་ཇུས་དང་ནུས་ཤུགས་བཏོན་ཏེ།ཡུན་རིང་བདེ་འཁོད་དང་མཆོང་སྐྱོད་འཕེལ་རྒྱས་ཐད་ཚད་བརྒལ་ཡོང་ཐབས་བྱེད་དགོས་ཞེས་ནན་བཤད་བྱས།

མ་ཝུན་ལུང་དང་ལུའུ་ཡུང་མིང་།ཀྲང་ཀྲི་ཅུན།ཡུའེ་ཧྲིང་ཞང་།ལིའུ་ཅ་ཞུན།ཆེ་ཅན་ཞིན་བཅས་གྲོས་ཚོགས་སུ་ཞུགས་པ།ལི་ཚང་ཀོང་དང་ཏུའུ་ཡུང་ཁྲུན།ཧོ་ཀྲིན་ཏུང་།ཚའེ་ཝུའུ་ཁྲེང་།དབྱང་ཀྲེང་དབྱི།དབྱང་ཙི་ཅང་།འབའ་ལུང་རྫོང་དང་འཇོལ་རྫོང་རྫོང་ཨུ་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གཙོ་བོ་གྲོས་ཚོགས་སུ་ཟུར་ཞུགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག