མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གིས་དཔེ་བཟང་རྫོང་གསུམ་འཛུགས་སྐྲུན་བྱེད་རྒྱུ་རེད།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-10-11 10:32

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་འཚོགས་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་རྫོང་ཨུའི་ཚང་འཛོམས་གྲོས་ཚོགས་སྟེང་ཐོན་ལས་ལ་བརྟེན་ཏེ་རྫོང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས།ཤུགས་ཡོངས་ཀྱིས་སྐྱེ་ཁམས་དཔལ་འབྱོར་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་རྒྱུ་དང་།ཡུལ་སྐོར་རིག་གནས་ལ་བརྟེན་ཏེ་རྫོང་འབྱོར་ཕྱུག་ཏུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས།ཤུགས་ཡོངས་ཀྱིས་ཡུལ་སྐོར་རིག་གནས་སྤུས་ལེགས་རྫོང་འཛུགས་སྐྲུན་བྱེད་རྒྱུ་རེད། ཁྲིམས་ལུགས་ལ་བརྟེན་ཏེ་རྫོང་བདག་སྐྱོང་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ནས།ཤུགས་ཡོངས་ཀྱིས་ཡུན་རིང་བདེ་འཁོད་དཔེ་སྟོན་རྫོང་འཛུགས་རྒྱུ།རྨང་གཞི་སྲ་བརྟན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་རྫོང་གསུམ་འཛུགས་སྐྲུན་ལ་འགན་སྲུང་བརྟན་པོ་བྱེད་རྒྱུ་ཞེས་བསྟན་པ་རེད།

ཐོན་ལས་ལ་བརྟེན་ནས་རྫོང་སྟོབས་འབྱོར་དུ་གཏོང་བའི་འཐབ་ཇུས་ཁྲོད་རྫོང་འདིའི་རྒུན་འབྲུམ་ཐོན་ལས་ལེགས་པོ་གཉེར་བ་དང་།སྟར་ཀ་ཐོན་ལས་ལ་ཤུགས་བསྣན་ཏེ།2020ལོར་མུའུ་ཁྲི20ཡི་སྤུས་ལེགས་ཐོན་མཐོའི་སྟར་ཀའི་འདེབས་འཛུགས་འཛུགས་རྒྱུ་བརྩོན་ལེན་བྱས་ནས།སྟར་ཀའི་ཐོན་ལས་ཀྱི་ཡོང་འབབ་ནི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་40%ཡས་མས་ཟིན་པར་འགན་ལེན་བྱེད་རྒྱུ་ཡིན་པ་དང་།རྩ་སྨན་ཐོན་ལས་ལེགས་པོ་སྒྲུབ་པ་དང་།ཚན་རིག་ལྟར་འཆར་གཞི་འགོད་ནས།ཡུན་ནན་སྨན་རིགས་འདེབས་ཡུལ་གྱི་ཚོང་རྟགས་ཕྱོགས་ཡོངས་ནས་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་རྒྱུ།སྐྱུ་རུའི་སྣུམ་ལྡན་ཐོན་ལས་ལེགས་པོ་སྒྲུབ་པ་དང་།རི་ཁུལ་གྱི་ཕྱུགས་ལས་འཕེལ་རྒྱས་གཏོང་ནས།ནུས་ཤུགས་གང་ཡོད་ཀྱིས་སྤུས་ལེགས་དང་སྐྱེ་ཁམས།མཐོ་སྒང་གི་ཕྱུགས་རིགས་ཐོན་རྫས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ།

གཏིང་ཟབ་ཀྱིས་ཆུ་གློག་ཐོན་ལས་གསར་སྤེལ་བྱས་ནས།ཆུ་ནུས་གསར་སྤེལ་དང་གློག་དྲའི་འཛུགས་སྐྲུན།གློག་ཤུགས་ཁྲོམ་ར་བཅས་མཉམ་དུ་མཐུན་སྦྱོར་འཕེལ་རྒྱས་བྱས་ཏེ།རྒྱ་ཆེ་བའི་ཆུ་གློག་ས་ཚིགས་འཛུགས་སྐྲུན་འདི་ཉིད་འཇོལ་རྫོང་དེང་ཕྱིན་གྱི་དུས་སྐབས་ཤིག་ལ་འདེགས་སྐྱོར་རང་བཞིན་གྱི་རྣམ་གྲངས་ཤིག་ཏུ་འཛིན་ནས་ཤུགས་ཡོངས་ཀྱིས་སྐུལ་འདེད་བྱེད་དགོས།

ཡུལ་སྐོར་རིག་གནས་སྤུས་ལེགས་རྫོང་འཛུགས་སྐྲུན་ཁྲོད།གནས་ཐིག་གཏན་ཁེལ་བྱས་ནས།བློ་ཐག་རྦད་བཅད་ཀྱིས་ཡུལ་སྐོར་གྱིས་སྣེ་ཁྲིད་བྱེད་པ་དང་།ཡུལ་སྐོར་གྱིས་རྫོང་འབྱོར་ཕྱུག་ཏུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས། ཡུལ་སྐོར་རིག་གནས་ཐོན་ལས་དེ་སྣེ་ལེན་ལས་དོན་གྱི་རྣམ་པ་ནས་དཔལ་འབྱོར་ཐོན་ལས་རྣམ་པ་དང་དེ་ནས་གཙོ་རྟེན་རང་བཞིན་གྱི་ཐོན་ལས་རྣམ་པར་འཕོ་འགྱུར་བྱུང་བར་སྐུལ་འདེད་བྱེད་དགོས།

འཇོལ་རྫོང་གིས་ཕྱོགས་ཡོངས་ནས་ཁྲིམས་ལུགས་ལ་བརྟེན་ནས་བོད་ཁུལ་བདག་སྐྱོང་བྱེད་རྒྱུ་སྔར་ལས་འབུར་དུ་ཐོན་པ་དང་སྔར་ལས་གལ་ཆེ་བའི་གོ་གནས་སུ་འཇོག་པར་སྐུལ་འདེད་བྱས་ནས།ཁྲིམས་ལུགས་ལ་བརྟེན་ནས་རྫོང་བདག་སྐྱོང་བྱེད་པའི་ཐབས་ཇུས་ལག་བསྟར་བྱས་ཏེ།ཁྲིམས་ལུགས་ལ་བརྟེན་ནས་སྲིད་འཛིན་བྱེད་པ་དང་། ཁྲིམས་ལུགས་ལ་བརྟེན་ནས་ཐག་གཅོད་བྱེད་པ། ཁྲིམས་ལུགས་ལ་བརྟེན་ནས་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས་ནས།ཁྲིམས་ལུགས་ཀྱི་དྲག་ཆས་ལ་བརྟེན་ནས་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་དང་།ཁྲིམས་ལུགས་ལ་བརྟེན་ནས་འཛུགས་སྐྲུན་དང་སྤྱི་ཚོགས་འཆམ་མཐུན་ལ་སྲུང་སྐྱོང་བྱེད་པ།ཁྲིམས་ལུགས་ལ་བརྟེན་ནས་རྣམ་པ་བསྒྱུར་ནས་སྤྱི་ཚོགས་བདེ་འཇགས་ལ་ཤུགས་བསྣན་དགོས་ཞེས་བསྟན།

རྫོང་གསུམ་འཛུགས་སྐྲུན་གྱི་ཁྲོད།རྫོང་འདི་ཉིད་རྒྱུན་འཁྱོངས་ལྷོད་མེད་ཀྱིས་གཞི་རིམ་ལ་གཙིགས་ཆེན་དང་གཞི་རིམ་ལ་ཤུགས་བསྣན་པ།གཞི་རིམ་ལ་ཞབས་འདེགས་ཞུས་ནས།རྩ་འཛུགས་སྲ་བརྟན་དུ་གཏོང་བ་དང་།སྤུས་ཚད་མཐོར་འདེགས་བྱེད་པ།སྲ་བརྟན་གྱི་རུ་དཔུང་སྒྲིག་འཛུགས་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་བྱས་ནས་གཞི་རིམ་གྱི་རྨང་གཞི་མུ་མཐུད་དུ་སྲ་བརྟན་དང་སྔར་ལས་ལྷག་པའི་སྒོ་ནས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱེད་དགོས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག