མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

《ངའི་ཀྲུང་གོའི་ཕུགས་འདུན་གྱི་འབད་བརྩོན་བྱེད་པའི་ལང་ཚོ་ཆེས་མཛེས་པ》ཞེས་པའི་མཉམ་མྱོང་གྲོས་ཚོགས་བདེ་ཆེན་ཁུལ་དུ་བསྡུས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-27 12:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། གུང་གཞོན་ཚོགས་པ་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལུའོ་ཡུང་པིང་གིས་ཞིང་ཆེན་དང་བདེ་ཆེན་ཁུལ་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ལ་སྣེ་ཁྲིད་བྱས་ནས་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭར《ངའི་ཀྲུང་གོའི་ཕུགས་འདུན་གྱི་འབད་བརྩོན་བྱེད་པའི་ལང་ཚོ་ཆེས་མཛེས་པ》ཞེས་པའི་ཉམས་མྱོང་མཉམ་མྱོང་བྱེད་པའི་གྲོས་ཚོགས་བསྡུས་པ། ཨུ་ཡོན་ཚོས་རང་ཉིད་ཀྱི་བྱས་རྗེས་བཤད་ནས་རྒྱ་ཆེ་བའི་སློབ་མས་འབད་བརྩོན་བྱེད་དེ། ཀྲུང་གོའི་ཕུགས་འདུན་གྱི་བདེ་ཆེན་ལེ་ཚན་གསར་པ་མངོན་འགྱུར་བྱུང་བར་ལེགས་སྐྱེས་འབུལ་རྒྱུའི་སྐུལ་ལྕག་གཏོང་བ་རེད།

ལུའོ་ཡུང་པིང་གིས་ཤིས་ཚིག་གསུང་དུས། འབད་བརྩོན་ནི་དེང་སྐབས་ཀྱི་ཀྲུང་གོར་དཔའ་ངར་ཆེས་འབར་བའི་བརྗོད་བྱ་གཙོ་བོ་ཞིག་ཡིན་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་བ་དང་། གོ་སྐབས་དང་འགྲན་བསྡུར་ལ་ཁ་གཏད་གཅོག་པ།རིན་ཐང་ལྡན་པའི་མི་ཚེ་གྲུབ་པ་བཅས་ལ་འབད་བརྩོན་བྱེད་དགོས། གཞོན་ནུ་ཚང་མ་ནི་མི་རིགས་ཀྱི་འབྱུང་འགྱུར་དང་རེ་འདུན་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱུང་བར། གཞོན་ནུ་དང་ཁ་བྲལ་མི་ཐུབ། ཁོང་གིས་གཞོན་ནུ་རྣམས་ལ་ཡང་དག་པའི་མི་ཚེ་ལྟ་ཚུལ་དང་རིང་ཐང་ལྟ་ཚུལ་འཛུགས་པ་དང་། རང་ཉིད་ཀྱི་ཕུགས་འདུན་དེ་ཀྲུང་གོའི་ཕུགས་འདུན་དང་མཉམ་འདྲེས་བྱེད་དགོས་པ་དང་། ཕུགས་འདུན་ཡག་པོ་ཡོད་དགོས། དཀའ་ངལ་ལ་མི་སྐྲག་པའི་དཔའ་སེམས་ཡོད་དགོས། ལས་ལམ་གསར་གཏོད་དང་ལེགས་པོ་བྱེད་པར་དཔའ་སེམས་ཡང་ཡོད་དགོས་པ་རེད་ཅེས་བཤད་པ་རེད།

ཤེས་གསལ་བྱུང་དོན།ཐེངས་འདིའི་བྱེད་སྒོ་ཡིས་གཙོ་བོ་ནི་ཏང་ཀྲུང་དབྱང་གི་གཞོན་ནུ་དང་གཞོན་ནུ་ཚོགས་པའི་ལས་ཀའི་བླང་བྱ་དོན་འཁྱོལ་བྱེད་ཆེད། གང་ཐུབ་ཀྱིས་ཕུལ་བྱུང་གཞོན་ནུའི་དཔེ་སྟོན་འགོ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། རྒྱ་ཆེ་བའི་གཞོན་ནུ་ཡིས་ཕུགས་འདུན་མངོན་འགྱུར་བྱུང་བར་སྐུལ་ལྕག་གཏོང་བ་རེད།

སློབ་མ་ཧོ་ཁང་གིས་ཐེངས་འདིའི་མཉམ་སྤྱོད་གྲོས་ཚོགས་སུ་ཞུགས་ནས་རང་ཉིད་ལ་ཕན་པ་ཆེན་པོ་ཡོད་པ། ཐོག་མར་འབྲིང་རིམ་ཆེད་ལས་སློབ་གྲྭར་ཞུགས་དུས་འབྱུང་འགྱུར་གྱི་རེ་བ་ཆུང་ཙམ་མྱོང་བ་ཡོད་མོད། འོད་ཀྱང་གཞོན་ནུ་ཨུ་ཡོན་ཚོའི་གཏམ་རྒྱུད་ལ་ཉན་ཏེ། རང་ཉིད་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ང་རང་གིས་ཕུགས་འདུན་མངོན་འགྱུར་བྱུང་བར་འབད་བརྩོན་ཡག་པོ་བྱེད་རྒྱུ་ཡིན་ཞེས་བཤད་པ།

ཐོན་ཞིང་ཨུ་དང་། ཐོན་ཁུལ་ཨུ། ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་འབྲེལ་ཡོད་འགན་འཁུར་བ། ཞིང་ཆེན་དང་ཁུལ་གྱི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་འགའ་ཤས། ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མ་200ལྷག་མཉམ་སྤྱོད་གྲོས་ཚོགས་སུ་ཞུགས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག