མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གི་སློབ་གྲྭ་ནང་མེ་གསོད་དངོས་སྦྱོང་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-27 12:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས20ཉིན། བདེ་ཆེན་མེ་གསོད་འཇོལ་རྫོང་རུ་ཆེན་གྱིས་འཇོལ་རྫོང་སློབ་ཆུང་དང་པོར་ཟབ་ཞུགས་བྱས་ནས་མེ་གསོད་བདེ་འཇགས་གསོ་སྦྱོང་དང་མཁོ་བསྟུན་རང་སྐྱོབ་ཀྱི་དངོས་སྦྱོང་བྱས་པ། འཇོལ་རྫོང་སློབ་ཆུང་དང་པོའི་དགེ་སློབ200ལྷག་དངོས་སྦྱོང་དུ་ཞུགས་ཡོད།

“དགེ་སློབ་ཚང་མ་དོ་སྣང་བྱེད་རོགས། འཇོལ་རྫོང་སློབ་ཆུང་དང་པོའི་སློབ་ཁྲིད་ཐོག་ཁང་དུ་མེ་སྐྱོན་བྱུང། ཚང་མ་བྲེལ་འཚབ་མ་བྱེད། མཁོ་བསྟུན་ཁ་འགྲེམ་འཆར་གཞི་ལྟར་གོ་རིམ་ལྡན་པའི་ངང་ཁ་འགྲེམ་དགོས།”ཉེན་བརྡ་གྲགས་མ་ཐག མེ་གསོད་དཔོན་དམག་གིས་དུས་ཐོག་ཏུ་རླངས་འཁོར་བཏང་ནས་ཡུལ་དངོས་སུ་སླེབས་པ། བཀོད་འདོམས་པས་སེམས་ཐག་ཆོད་པོའི་ངང་ནས་བཀའ་འབེབས་ཏེ། མེ་སྐྱོན་མྱུལ་ཞིབ་དཔོན་དམག་གིས་མཁའ་དབུགས་གཏོང་ལེན་གྱི་འཕྲུལ་ཆས་འདོགས་ཤིང་དུས་ཐོག་ཏུ་མེ་སྐྱོན་བྱུང་བའི་ཐོག་ཁང་དུ་འབྱོར་ནས་དེ་རུ་བཀག་པའི་མི་སྣ་འཚོལ་བ་དང་མེ་སྐྱོན་བྱུང་ས་ཐག་ཆོད་པ། སྐྱོབ་རོགས་དཔོན་དམག་གིས་སློབ་ཁྲིད་ཐོག་ཁང་གི་དཀྱིལ་དུ་ཆུ་ལམ་བཙུགས་ཏེ་གཅིག་བསྡུས་ཀྱིས་མེ་སྐྱོན་བྱུང་ཡུལ་ལ་ཆུ་གཏོར་བ། དགེ་སློབ་ཚང་མ་མཁོ་བསྟུན་ཁ་འགྲེམ་ཆ་འཕྲིན་ཚུར་མ་ཐག སློབ་གྲྭས་བཀོད་པའི་བདེ་འཇགས་ཁ་འགྲེམ་འཆར་གཞི་ལ་གཞིགས་ཏེ། སྐྱོབ་རོགས་དཔོན་དམག་གིས་ཁྲིད་སྟོན་འོག འཛིན་གྲྭ་རེ་རེ་བཞིན་ཁ་འགྲེམ་ལམ་ཕྱོགས་ལ་བརྟེན་ནས་བདེ་འཇགས་ས་ཁུལ་དུ་ཁ་འགྲེམ་པ་རེད། སྐར་མ3གྱི་རྗེས་སུ། དགེ་སློབ200ལྷག་ཚང་མ་ལུས་རྩལ་ཐང་དུ་བསྡུ་རུབ་བྱས་ཚར། དེའི་རྗེས་སུ་འཛིན་གྲྭ་རེ་རེས་མི་གྲངས་ཞིབ་བཤེར་བྱས་པ་རེད།

མེ་གསོད་དཔོན་དམག་གིས་ད་དུང་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལ་མེ་གསོད་དང་མཁོ་བསྟུན་སྐྱོབ་རོགས་འཕྲུལ་ཆས་སོགས་འགྲེམ་གཏོང་བྱས་པ་དང་མེ་གསོད་བདེ་འཇགས་ཀྱི་རྨང་གཞིའི་ཤེས་བྱ་གསལ་བཤད་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག