མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཆེད་ལས་མཁས་པས་འཇོལ་རྫོང་དུ་ཚན་རྩལ་ཁྱབ་གདལ་སྐོར་གྱི་འཆད་ཁྲིད་གནང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-27 12:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས23ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གིས་ཁ་བྱང་ལ་ཚན་རིག་ཁྱབ་གདལ་ལས་ཁུངས་དང་། སློབ་གྲྭ། སྡེ་ཁུལ་བཅས་སུ་བསྐྱོད་པ་ཞེས་པའི་རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྒྲུབ་པ་རེད། ཡུན་ནན་ཞིང་ཆེན་ཀྲུང་སྨན་སློབ་གླིང་གི་ཁོངས་གཏོགས་སྨན་ཁང་གསུམ་པ་དང་། ཀྲུང་གོ་ཚན་རིག་གླིང་ཡུན་ནན་གནམ་གཤིས་ཁང་གི་ཆེད་ལས་མཁས་པ་ཚོས་འཇོལ་རྫོང་གི་མང་ཚོགས་ལ་འཆད་ཁྲིད་ཐེངས4བྱས་པ་དང་། མི3000ལྷག་ལ་ཕན་ཐོགས་ཡོད།

ཉིན་དེའི་སྔ་དྲོར། ཡུན་ནན་ཞིང་ཆེན་ཀྲུང་སྨན་སློབ་གླིང་གི་ཞིབ་འཇུག་སློབ་མའི་སློབ་དཔོན་ནམ་ཁུན་མིང་གྲོང་ཁྱེར་ཀྲུང་སྨན་ཁང་ཁོང་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཅིན་ཡན་རོང་གིས《གཅོང་ནད་ཀྱི་སྔོན་འགོག་དང་བཅོས་ཐབས》ཞེས་པ་འཆད་ཁྲིད་གནང་ཡོད་ཅིང་། ལས་ཁུངས་ཁག་གི་ལས་བྱེད་པ་དང་ལས་བཟོ་བ་མི500ལྷག་གིས་འཆད་ཁྲིད་ལ་ཉན་ཡོད།

འཇོལ་སློབ་འབྲིང་དུ་ཀྲུང་གོ་ཚན་རིག་གླིང་ཡུན་ནན་གནམ་གཤིས་ཁང་གི་མཐོ་རིམ་བཟོ་བཀོད་པ་ཀའོ་ཧེང་གིས་དགེ་སློབ་རྣམས་ལ《གསར་གཏོད་དང་གསར་འབྱེད་ལ་བརྟེན་ནས་རླབས་ཆེན་མེས་རྒྱལ་སྟོབས་ལྡན་ཡོང་བའི་ཕུགས་འདུན་མངོན་འགྱུར་བྱུང་དུ་འཇུག་པ》ཞེས་པ་འཆད་ཁྲིད་གནང་བ་རེད། ཀའོ་ཧེང་གིས་གསོན་ཉམས་ལྡན་པའི་སྐད་ཆ་ལ་བརྟེན་ནས་ཅི་ལྟར་ཚན་རིག་ལག་རྩལ་བེད་སྤྱད་དེ་མེས་རྒྱལ་སྟོབས་ལྡན་ཡོང་བའི་ཕུགས་འདུན་མངོན་འགྱུར་བྱུང་ཚུལ་སྐོར་འགྲེལ་བཤད་བྱས་པ་རེད། དེར་མ་ཟད་འཆད་ཁྲིད་ཐོག་གཞི་གྲངས་ལ་དཔེར་བླངས་ནས་རང་རྒྱལ་ལ་ཉེ་བའི་ལོ་འགའི་ནང་དུ་མཆོང་བསྐྱོད་འཕེལ་རྒྱས་བྱུང་བའི་གནས་ཚུལ་ངོ་སྤྲོད་བྱས་པས། དགེ་སློབ་རྣམས་ལ་ཉན་འདོད་ཤིན་ཏུ་ཆེ་བ་བྱུང་།

ཉིན་དེའི་ཕྱི་དྲོར་ཀའོ་ཧེང་གིས་འཇོལ་རྫོང་སློབ་ཆུང་དང་པོ་ནས་ཁ་བྱང་ལ《ཁུང་འབྲུག་གི་གཏམ་རྒྱུད》ཞེས་པའི་ཚན་རྩལ་ཁྱབ་གདལ་གྱི་འཆད་ཁྲིད་གནང་བ་དང་སློབ་མ་རྣམས་ལ་དགའ་སྤྲོ་མི་ཉུང་བ་སྐྱེས་ཡོད།

ཧྲིན་ཕིང་སྤྱི་གླིང་དུ་རྒན་པ་ཚོས་ལག་ལ《མཐོ་སྒང་གི་བདེ་སྲུང་རྒྱུན་ཤེས》ཞེས་པའི་ཀློག་དེབ་ལག་ལ་བཟུང་ཞོར། ཡུན་ནན་ཞིང་ཆེན་ཀྲུང་སྨན་སློབ་གླིང་གི་ཞིབ་འཇུག་སློབ་མའི་སློབ་དཔོན་ནམ་ཁུན་མིང་གྲོང་ཁྱེར་ཀྲུང་སྨན་ཁང་ཁོང་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཅིན་ཡན་རོང་གིས་དཔེ་རིས་ཀྱི་ལམ་ནས་ཤ་རྒྱགས་པ་ཆགས་པ་དང་། གཅིན་པ་མངར་འགྱུར་གྱི་ནད་བྱུང་བ། དུ་བ་འཐེན་པ། ཆང་འཐུང་ན་བདེ་ཐང་ལ་གནོད་པ་ཡོད་པའི་འཆད་འཁྲིད་ལ་ཉན་ཡོད་ཅིང་། རྒྱུན་ལྡན་འཚོ་བའི་ཁྲོད་ཅི་ལྟར་ལུས་པོ་བདག་སྐྱོང་བྱེད་པ་དང་ནད་རིགས་སྔོན་འགོག་བྱེད་པའི་ཐབས་ལམ་སོགས་འཁྲིད་པ་བརྒྱུད་ནས། སྡེ་ཁུལ་མང་ཚོགས་ཀྱིས་བདེ་ཐང་ཤེས་བྱ་རྒྱུས་ལོན་བྱེད་པར་གོ་སྐབས་བཟང་བོ་ཞིག་སྤྲད་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག