མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལུས་ཁམས་བདེ་སྲུང་ཟས་རིགས་ལ་དཔེ་འདེམས་ལྟ་སྐུལ་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-26 11:51

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལུས་ཁམས་བདེ་སྲུང་ཟས་རིགས་ལ་དཔེ་འདེམས་ལྟ་སྐུལ་བྱས་ནས།སྔར་ལས་ལྷག་པའི་སྒོ་ནས་ལུས་ཁམས་བདེ་སྲུང་གི་ཟས་རིགས་ཐོན་སྐྱེད་དང་རྒྱུན་འཁོར་ལྷུ་ཚིགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ།རྫས་འགྱུར་སྨན་རྫས་སོགས་བསྣན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ནན་གྱིས་རྡུང་རྡེག་བྱས་པ་དང་།འབྲེལ་ཡོད་གནད་དོན་དུས་ཐོག་ཏུ་རྙེད་པ་དང་ཐག་གཅོད་བྱས་ནས།ལུས་ཁམས་བདེ་སྲུང་ཟས་རིགས་ཀྱི་ཁྲོམ་རའི་སྒྲིག་ལམ་རྒྱུན་མཐུད་ཀྱིས་ཚད་ལྡན་དུ་བཏང་བ་རེད།

ཅུས་འདིས་རང་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་དང་ཟུང་འབྲེལ་བྱས་ནས།ཡུལ་སྐོར་བ་མང་ཆེ་བར་མཁོ་བའི་དབྱང་དཀོན་ཐེག་ཤུགས་ཇེ་མཐོར་གཏོང་བའི་ལུས་ཁམས་བདེ་སྲུང་ཟས་རིགས་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་།ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས་སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་སྨན་རྫས་ཚོང་ཁང་དུ་དབྱང་དཀོན་ཐེག་ཤུགས་ཇེ་མཐོར་གཏོང་བའི་ལུས་ཁམས་བདེ་སྲུང་ཟས་རིགས་ཀྱི་ལས་གཉེར་གནས་ཚུལ་ལ་གཏིང་ལོན་བརྟག་དཔྱད་བྱས་པ་དང་།འབོར་ཐེངས་5ཡི་དབྱང་དཀོན་ཐེག་ཤུགས་ཇེ་མཐོར་གཏོང་བའི་ལུས་ཁམས་བདེ་སྲུང་ཟས་རིགས་ལ་འཐེན་བཤེར་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག