མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བོད་ཡིག་གནའ་དཔེ་ཉམས་གསོའི་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་ཚོགས་འགོ་ཚུགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-26 11:51

རྒྱལ་ཁབ་གནའ་དཔེ་སྲུང་སྐྱོང་ཁང་གི་ཆེད་མཁས་པས་ཡུལ་དངོས་ནས་བོད་ཡིག་གནའ་དཔེ་ཉམས་གསོ་ལ་མཛུབ་སྟོན་གནང་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས22ཉིན།2014ལོའི་ བོད་ཡིག་གནའ་དཔེ་ཉམས་གསོའི་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དཔེ་མཛོད་ཁང་དུ་ཚོགས་འགོ་ཚུགས་པ་དང་། བོད་ལྗོངས་དང་ཡུན་ནན་གྱི་སློབ་གཉེར་བ32ཉིན་7གྱི་རིང་ལ་བོད་ཡིག་གནའ་དཔེ་ཉམས་གསོའི་ལག་རྩལ་གྱི་གསོ་སྦྱོང་དུ་ཞུགས་རྒྱུ་རེད།

གནའ་དཔེ་ཉམས་གསོའི་མི་འཇོན་ཐང་ཅན་གྱི་རུ་ཁག་འཛུགས་སྐྱོང་མགྱོགས་སུ་གཏོང་བ་དང་།མི་རིགས་གནའ་དཔེ་ཡི་སྲུང་སྐྱོང་ལས་ཀ་ལེགས་པོ་སྒྲུབ་པ། གནའ་དཔེ་ཉམས་གསོ་སྟེ་རྒྱལ་ཁབ་དངོས་མིན་ཤུལ་རྫས་ཀྱི་ལག་རྩལ་འདི་ཉིད་རྒྱུན་འཛིན་བྱེད་པ་བཅས་ཀྱི་ཆེད་དུ།ཡུན་ནན་ཞིང་ཆེན་དཔེ་མཛོད་ཁང་དང་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་མཉམ་དུ་བོད་ཡིག་གནའ་དཔེ་ཉམས་གསོའི་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་རེད།རྒྱལ་ཁབ་གནའ་དཔེ་སྲུང་སྐྱོང་ཁང་གི་ཆེད་མཁས་དང་།བོད་ལྗོངས་དང་ཡུན་ནན་གྱི་བོད་ཡིག་གནའ་དཔེ་སྲུང་སྐྱོང་ཆེད་མཁས་ཀྱིས་འཆད་འཁྲིད་བྱས་ལ། ཆེད་མཁས་ཀྱིས་བོད་ཡིག་གནའ་དཔེ་ཡི་རྨང་གཞིའི་ཤེས་བྱ་དང་བོད་ཤོག་རྨང་གཞིའི་ཤེས་བྱ། བོད་ཡིག་གནའ་དཔེ་ཉམས་གསོའི་ཤོག་སྤྱོད་ཀྱི་ངོས་འཛིན་དང་འདེམས་སྒྲུག བོད་ཡིག་གནའ་དཔེ་ཡི་གཞི་རྩའི་སྲུང་སྐྱོང་དང་ཉམས་གསོ་སོགས་ལ་དམིགས་ཏེ། གནའ་དཔེ་སྲུང་སྐྱོང་གི་ལས་ཀ་གཉེར་བའི་སློབ་གཉེར་བ་32ལ་ཕྱོགས་མང་པོའི་ཐད་ནས་གསོ་སྦྱོང་དང་ཡུལ་དངོས་ནས་མཛུབ་སྟོན་གནང་བ་རེད། དུས་མཚུངས་སུ། ཆེད་མཁས་པས་ད་དུང་སློབ་གཉེར་བ་རྣམས་ལ་བོད་ཡིག་གནའ་དཔེ་ཉམས་གསོ་ལག་ལེན་བྱས་ནས།སློབ་གཉེར་བ་རེ་རེས་བོད་ཡིག་གནའ་དཔེ་ཡི་གཞི་རྩའི་ཉམས་གསོའི་ལག་རྩལ་རྒྱུས་ལོན་བྱས་པ་རེད།གསོ་སྦྱོང་དུ་ཞུགས་པའི་སློབ་གཉེར་བས་ཐེངས་འདིའི་བོད་ཡིག་གནའ་དཔེ་ཉམས་གསོའི་ལག་རྩལ་གྱི་གཅིག་བསྡུས་གསོ་སྦྱོང་བརྒྱུད།བསླབས་ཟིན་པའི་བོད་ཡིག་གནའ་དཔེའི་ཤེས་བྱ་དང་ཉམས་གསོ་ལག་རྩལ་གྱིས་འགོ་ཚུགས་ས་བྱས་ཏེ།བསླབས་ཟིན་པའི་ལག་རྩལ་དེ་དེང་ཕྱིན་གྱི་ཡོངས་བཤེར་དང་སྲུང་སྐྱོང་ལས་ཀའི་ཁྲོད་བཀོལ་ནས།བོད་ཡིག་གནའ་དཔེ་ལ་སྲུང་སྐྱོང་བྱས་ཏེ་རང་རྒྱལ་གྱི་བོད་ཡིག་གནའ་དཔེ་སྲུང་སྐྱོང་གི་ལས་ཀ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།བོད་ཡིག་གནའ་དཔེ་ཉམས་གསོ་ཡིས་བརྗོད་བྱ་གཙོ་བོ་བྱས་པའི་གསོ་སྦྱོང་ནི་རྒྱལ་ཡོངས་སུ་ཐེངས་དང་པོ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག