མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་གྱི་མྱུར་གཅོད་མྱུར་ཚབ་ཞབས་འདེགས་ལས་ཁུང་བཙུགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-26 11:51

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས་19ཉིན།བདེ་ཆེན་ཁུལ་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་གྱི་མྱུར་གཅོད་མྱུར་ཚབ་ཞབས་འདེགས་ལས་ཁུངས་དངོས་སུ་བཙུགས།

གཞུང་ལམ་དོན་རྐྱེན་གྱི་མྱུར་གཅོད་མྱུར་ཚབ་ཞབས་འདེགས་ལས་ཁུང་བཙུགས་པ་དེ་འགྲིམ་འགྲུལ་སྡེ་ཁག་གིས་མིག་སྔའི་གཞུང་ལམ་གྱི་གནས་ཚུལ་དང་བསྟུན་ནས་ཁྲིམས་ལྟར་བཏོན་པའི་དམངས་ཕན་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་།ཉིན་དེ་རང་ནས་བཟུང་གཞུང་ལམ་ཐོག་བྱུང་བའི་གྱོ ང་གུན་སྒོར་5000མས་ཆད་ཀྱི་འགྲིམ་འགྲུལ་གྱི་དོན་རྐྱེན་ཆུང་བ་ལ།ཁ་ལོ་བས་འགྲིམ་འགྲུལ་ཉེན་རྟོག་པ་དང་ཉེན་འགོག་འགན་ལེན་ཀུང་སིའི་བརྟག་དཔྱད་ཚད་ལེན་མི་སྣ་དོན་རྐྱེན་བྱུང་ཡུལ་དངོས་སུ་ཡོང་བར་སྒུག་མི་དགོས་པར།བརྙན་ཕབ་པ་དང་པར་ལེན་པ།དཔང་མིའི་དཔང་ཚིག་འགོད་པའམ་ས་ངོས་སུ་རླངས་འཁོར་གྱི་གནས་ས་གསལ་པོ་སྟོན་པ་སོགས་ཐབས་ཀྱིས་དཔང་རྟགས་གཏན་ཁེལ་བྱས་རྗེས།དོན་རྐྱེན་བྱུང་ཡུལ་དངོས་དེ་མགྱོ གས་མྱུར་གྱིས་མེད་པར་བཟོ་ཆོག ཉེན་འགོག་འགན་ལེན་གྱིས་གུན་གསབ་བྱེད་དགོས་མཁན་ཡིན་ན།བདེ་ཆེན་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་མྱུར་གཅོད་མྱུར་ཚབ་ཞབས་འདེགས་ལས་ཁུངས་སུ་ཕྱིན་ནས་ཉེན་འགོག་འགན་ལེན་གྱི་གུན་གསབ་ཞུ་ཆོག་པ་རེད།

གཞུང་ལམ་དོན་རྐྱེན་གྱི་མྱུར་གཅོད་མྱུར་ཚབ་ཞབས་འདེགས་ལས་ཁུངས་བཙུགས་པ་དེས་དངོས་ཐོག་ནས་གཞུང་ལམ་དོན་རྐྱེན་གྱིས་བཏོད་པའི་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཚང་ཁ་རྒྱག་པའི་གནས་ཚུལ་དེ་ཇེ་ཡང་དུ་གཏོང་ཐུབ་པ་དང་འགྲིམ་འགྲུལ་གྱི་དོན་རྐྱེན་བྱུང་ཡུལ་དངོས་ཀྱི་བཀོད་སྒྲིག་ལས་ཆོད་མཐོ་རུ་གཏོང་ཐུབ་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག