མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཆིན་ཀོན་རུང་གིས་བདེ་ཆེན་ཁུལ་དུ་ཞིབ་འཇུག་བརྟག་དཔྱད་གནང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-26 11:51

 
ཡུན་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཆིན་ཀོང་རུང་གིས་ཡུལ་དངོས་སུ་རྡོ་མཁར་རྫོང་དུ་ལྟ་ཞིབ་བྱས་པ་དང་། གནོད་སྐྱོན་བྱུང་རྗེས་སུ་སླར་གསོ་བསྐྱར་སྐྲུན་བྱེད་པའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་བ་རེད།( ཧོ་ཆི་ཀོང་གིས་པར་བླངས།)

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “ཡུན་རིང་བདེ་འཁོད་ཀྱི་འཆམ་མཐུན་བོད་ཁུལ་འཛུགས་པའི་རྨང་གཞི་ནི་གོང་སྤེལ་ལ་ཐུག་ཡོད་པ་དང་། བདེ་ཆེན་བོད་ཁུལ་གྱིས་ཡུན་རིང་པོ་བརྟན་བརླིང་ལ་རྒྱུན་འཁྱོངས་བྱེད་པ་ནི་གོང་སྤེལ་ལ་ཐུག་ཡོད་པ་རེད།”ཚེས23ཉིན།ཡུན་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཆིན་ཀོང་རུང་གིས་བདེ་ཆེན་ཁུལ་དུ་ཞིབ་འཇུག་བརྟག་དཔྱད་གནང་དུས་བདེ་ཆེན་ཁུལ་གྱིས་ཞིང་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ་དེ་སྐུལ་ཤུགས་སུ་གྱུར་ནས། ཁྱད་ཆོས་གནད་འགག་འདི་དང་ཐོན་ལས་ སྣེ་ཁྲིད་འདི་ལ་དམ་འཛིན་བྱས་ཏེ། འབད་བརྩོན་གྱིས་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་གོང་སྤེལ་ལམ་གསར་ཞིག་གསར་གཏོད་བྱེད་པ་དང་། ཡུན་རིང་བདེ་འཁོད་དང་མཆོང་སྐྱོད་འཕེལ་རྒྱས་ཀྱི་འཆམ་མཐུན་བོད་ཁུལ་འཛུགས་པར་ཐོག་མར་ཚད་བརྒལ་བ་མངོན་འགྱུར་བྱུང་རྒྱུའི་རེ་བ་བཏོན།

“བདེ་ཆེན་ཁུལ་ལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་གནས་བབ་དམིགས་བསལ་ཡོད་དེ། སྐྱེ་དངོས་ཆེན་པོ་དང་ཡུལ་སྐོར་ཆེན་པོ། ཐོན་ཁོངས་ཆེན་པོའི་ཐོན་ལས་སོགས་ཀྱི་ཐད་ལ་ནུས་པ་འདོན་ས་མང་བ་དང་མི་མངོན་པའི་ནུས་ཤུགས་མང་པོ་ཡང་ཡོད་པ་རེད།”ཞོགས་པ་ནས་དགོང་མོར། ཆིན་ཀོང་རུང་གིས་ཞིབ་འཇུག་བརྟག་དཔྱད་གནང་བར་བྲེལ་ཞིང་། ལྡུམ་ཁུལ་དུ་ཞུགས་པ་དང་ཁེ་ལས་སུ་འགྲོ་བ། རྣམ་གྲངས་ལ་ལྟ་ཞིབ་བྱས་པ། བདེ་ཆེན་སྔོ་ནགས་ ཉི་ཤར་ཡུལ་བྱ་གསར་གཏོད་ཚད་ཡོད་ཀུང་སི་དང་སེམས་ཀྱི་ཉི་ཟླའི་ཆང་ལས་མ་རྐང་ཀུང་སི།བདེ་ཆེན་ཐའེ་ཡོན་སྐྱེ་དངོས་ཚན་རྩལ་གསར་གཏོད་ཚད་ཡོད་ཀུང་སི། ཧྲུའུ་ཏཱ་སྐྱེ་ལྡན་ཟས་རིགས་ཚད་ཡོད་ཀུང་སི་བཅས་ལ། ཞིབ་ཕྲའི་ངང་ཁེ་ལས་ཀྱི་ཐོན་སྐྱེད་དང་ཚན་རིག་ཞིབ་འཇུག་བྱེད་པའི་གནས་ཚུལ་ལ་འདྲི་རྟོག་བྱས་ནས། ཆིན་ཀོང་རུང་གིས་བྲོད་པོའི་ངང་“ཁྱོད་ཚོའི‘ནོར་བུ’མང་བ་ཡིན་མོད། འོད་ཀྱང་ཆེ་རུ་གཏོང་མི་འདང་ལ་སྐད་གྲགས་ཀྱང་དེ་འདྲ་ཆེན་པོ་མི་འདུག” ཁོང་གིས་བདེ་ཆེན་ཁུལ་གྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་དངོས་ཆེན་པོའི་ཐོན་ལས་ཀྱི་གོང་འཕེལ་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་མཐར་ཕྱིན་བྱེད་པ་དང་དེ་བས་ཕན་ཆ་ཆེ་བའི་སྲིད་ཇུས་ཐབས་ཇུས་གཏན་འབེབས་བྱས་ནས།སྡེབ་བཀྲམ་གསར་གཏོད་དེ་ཞིབ་མོའི་ལས་སྣོན་དུ་བསྒྱུར་བ་དང་།སྲོལ་རྒྱུན་གྱི་ཐོན་ལས་དེ་དེང་རབས་ཀྱི་བདག་གཉེར་དུ་བསྒྱུར་བ།གནས་གཞི་ཆེན་པོར་བྱེད་པ་དང་། ཁེ་ལས་སྟོབས་ལྡན་དུ་བྱེད་པ། ཐོན་རྫས་སྤུས་ལེགས་སུ་བཟོ་བ། རྟགས་ཅན་གྱི་སྐད་གྲགས་མཐོ་རུ་བྱེད་དགོས་ཞེས་བཏོན་པ་རེད།

“བདེ་ཆེན་ལ་འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་ཡོད་དེ།ཡུལ་སྐོར་ཐོན་ལས་ལ་གོང་སྤེལ་གཏོང་བའི་གསོན་ཤུགས་ཚད་མེད་པ་དང་འབྱུང་འགྱུར་གྱི་རེ་བ་ལ་ཚད་མེད་པ་རེད།”ཞིབ་འཇུག་བརྟག་དཔྱད་གནང་བའི་ཁྲོད་དུ། ཆིན་ཀོང་རུང་གིས་ཕྱོགས་གཅིག་ནས་ཡུལ་དངོས་སུ་ས་ཆ་དེ་དག་གི་འགྲིམ་འགྲུལ་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཕྱོགས་གཅིག་ནས་ཞིབ་ཕྲའི་ངང་འགྲིམ་འགྲུལ་དང་ཡུལ་སྐོར་སོགས་གནད་ཆེའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ། ཁོང་གིས་ཕེབས་རོགས་གནང་བའི་ས་གནས་ཀྱི་འགོ་ཁྲིད་ཀྱིས་སྔར་ལས་ལྷག་པར་གོང་སྤེལ་དང་མཉམ་འདྲེས་ཀྱི་འདུ་ཤེས་འཛུགས་པ་དང་། ཡུལ་སྐོར་དང་སྐྱེ་ཁམས། རིག་གནས། དེང་སྐབས་ཀྱི་ཞབས་འདེགས་ལས་རིགས་བཅས་ཕྱོགས་བཞི་གཅིག་བསྡུས་ཀྱི་ཡུལ་སྐོར་ཆེན་པོའི་ཕྱོགས་བསྡུས་ཐོན་ལས་ཀྱི་ལས་རིགས་ཤིག་མགྱོགས་པོའི་ངང་གོང་སྤེལ་གཏོང་བ་དང་། འབད་བརྩོན་གྱིས་བདེ་ཆེན་གྱི་ཡུལ་སྐོར་ཡང་བསྐྱར་ཡར་ཐོན་བྱུང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ།

ཐོན་ཁུངས་ཆེན་པོའི་ལས་རིགས་ཀྱི་གོང་སྤེལ་ཐད་ལ། ཁོང་གིས་བདེ་ཆེན་གྱིས་རྒྱལ་ཁབ་ཀྱིས་ནུབ་རྒྱུད་ས་ཁུལ་ལ་གསར་གཏོད་ཆེན་པོ་བྱེད་པ་དང་། ནུབ་གློག་ཤར་སྐྱེལ་དང་ཡུན་གློག་ཕྱིར་སྐྱེལ་བའི་ལོ་རྒྱུས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ནས། སྔར་ལས་ལྷག་པར་གཏིང་ཟབ་ཀྱིས་ཆུ་གློག་ཐོན་ལས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་ངང་འཆར་གཞི་འགོད་པ། ཕུགས་ཡུན་གྱི་བཀོད་སྒྲིག་བྱེད་པ། “སྲུང་སྐྱོང་བྱེད་པའི་ཁྲོད་དུ་གསར་གཏོད་བྱེད་པ་དང་གསར་གཏོད་བྱེད་པའི་ཁྲོད་དུ་སྲུང་སྐྱོང་བྱེད་པར་”རྒྱུན་འཁྱོངས་བྱས་ནས། ནུས་ཁོངས་ཐོན་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་ནུས་ཁོངས་ཀྱི་ཐུན་ཁོངས་བེད་སྤྱོད་དང་ནུས་ཁོངས་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱེད་པ་སོགས་ཀྱི་ཐད་ལ་མཐོར་འདེགས་ཆེ་ཙམ་བྱུང་ཞིང་། ཆུ་གློག་ཐོན་ལས་ཀྱི་གོང་སྤེལ་གྱིས་བདེ་ཆེན་ནུས་ཁོངས་ཆེན་པོའི་ཐོན་ལས་གོང་སྤེལ་ལ་སྣེ་ཁྲིད་བྱེད་ཐུབ་པར་བརྩོན་ལེན་བྱེད་རྒྱུའི་རེ་བ་བཏོན་པ་རེད།

ཞིབ་འཇུག་བརྟག་དཔྱད་ཀྱི་སྐབས་སུ།ཆིན་ཀོང་རུང་གིས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་ཡུས་ཀྲེང་ཧྲེང་ཀྲུའུ་ཞི་བདེ་ཆེན་དུ་ཞིབ་འཇུག་བརྟག་དཔྱད་བྱེད་པའི་སྐབས་ཀྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་དོན་ཐོག་ཏུ་འཁྱོལ་བར་བྱས་ནས།བཅོས་བསྒྱུར་དང་འཕེལ་རྒྱས།བརྟན་བརླིང་གི་སྤྱི་ཡོངས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ།ནམ་ཡང་བོད་ཁུལ་གྱི་བརྟན་བརླིང་དང་བདེ་སྲུང་ཡར་ཐོན་གྱི་སྔོན་གྲས་དང་། ཆོས་ལུགས་འཆམ་མཐུན་ཡར་ཐོན་གྱི་སྔོན་གྲས། ཁྱད་ལྡན་ཐོན་ལས་ཡར་ཐོན་གྱི་སྔོན་གྲས།དམངས་འཚོ་འགན་སྲུང་ཡར་ཐོན་གྱི་སྔོན་གྲས། སྐྱེ་ཁམས་དཔལ་འབྱོར་ཡར་ཐོན་གྱི་སྔོན་གྲས། མི་རིགས་རིག་གནས་སྲུང་སྐྱོང་ཡར་ཐོན་གྱི་སྔོན་གྲས་བཅས་བྱས་ནས། ཧུར་བརྩོན་གྱིས་བདེ་ཆེན་བོད་ཁུལ་གྱི་ཡུན་རིང་བརྟན་འཇགས་བདེ་འཁོད་དང་།མཆོང་བརྒལ་འཕེལ་རྒྱས་ཀྱི་འབྲས་བུ་གསར་པ་ཐོན་པར་སྐུལ་འདེད་དང་སྣེ་ཁྲིད་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

ཆིན་ཀོང་རུང་གིས་ཡུལ་དངོས་སུ་སོང་ནས་རྡོ་མཁར་རྫོང་གི་བསྐྱར་སྐྲུན་ གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་།ཁོང་གིས་རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་གིས་བསམ་བློ་ཐོག་གལ་ཆེའི་མཐོང་ཆེན་བྱེད་དགོས་པ་དང་བྱ་སྤྱོད་ཐོག་ཧུར་ཐག་མགྱོགས་མྱུར་ཡིན་དགོས་པ། ལས་ཀའི་ཁྲོད་ནན་ཏན་ཞིབ་ཚགས་བྱས་ནས། བསྐྱར་སྐྲུན་གྱི་རྣམ་གྲངས་སོ་སོའི་ལས་ཀ་ལེགས་པོ་སྒྲུབ་དགོས།བསྐྱར་སྐྲུན་གྱི་ལས་ཚད་མགྱོགས་སུ་བཏང་ནས་ཟླ་འོད་ཐང་ཆེན་གྱི་མཛེས་ཉམས་ཡང་བསྐྱར་མངོན་པར་བྱེད་དགོས་པ་དང་།ལོ་རྒྱུས་ཀྱི་རིག་གནས་རྒྱུན་མཐུད་བྱས་ཏེ།ལོ་རྒྱུས་ལ་བརྩི་མཐོང་དང་མི་རིགས་རིག་གནས་ལ་བརྩི་མཐོང་།རྙིང་ཞིག་རྙིང་དཔེ་དང་།གསར་སྐྲུན་རྙིང་དཔེ་ཡི་ཉམས་གསོ་བསྐྱར་བསྐྲུན་གྱི་རྩ་དོན་གཞིར་བཟུང་།རྡོ་མཁར་རྫོང་གི་ཐུན་མོང་མ་ཡིན་པའི་མཛེས་ཉམས་ཡང་བསྐྱར་མངོན་པར་བྱེད་དགོས།གཞི་རྩའི་སྒྲིག་གཞི་ལ་ཤུགས་བསྣན་ཏེ།གཟབ་ནན་གྱི་བསྐྱར་སྐྲུན་འཆར་འགོད་དང་འགོག་སྲུང་ཚད་གཞི།ལས་ཚུགས་བརྒྱུད་རིམ་ལྟར་རྣམ་གྲངས་འཛུགས་སྐྲུན་དམ་པོར་འཛིན་དགོས།དམངས་འཚོ་དམིགས་སུ་བཀར་བ་རྒྱུན་འཁྱོངས་བྱས་ནས།གནོད་ཐེབས་མང་ཚོགས་རྣམས་ཀྱིས་བདེ་འཇགས་དང་དྲོད་སྐྱིད།འཆམ་མཐུན་གྱི་དགུན་ཁ་ཞིག་རོལ་པར་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།འམ། ཞིང་ཨུའི་དྲུང་ཡིག་ཆེན་མོ་ཚའོ་ཅན་ཧྥང་དང་ཞིང་ཨུའི་དྲུང་ཡིག་གཞོན་པ་ཁྲང་ཚའེ་ཡུང་། ཧྲེང་ཞང་ཞིང་། ཁུལ་ཨུའི་ཧྲུའུ་ཅི་དབྱིན་པའེ།ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡུའེ་ཡུའེ་ཧྲེང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧོང་ཀྲེང་ཧུང་བཅས་ཀྱིས་ཐེངས་འདིའི་ཞིབ་འཇུག་བརྟག་དཔྱད་དུ་ཞུགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག