མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་གསར་སྤེལ་ས་ཁུལ་གྱིས་མང་ཚོགས་ཀྱི་འཐུང་ཆུའི་གནད་དོན་སེལ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-26 11:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཏང་གི་མང་ཚོགས་ལམ་ལུགས་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གསར་སྤེལ་ཁུལ་གྱིས་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ཁག་ཐེག་བྱེད་ཆེད།  ནུས་ཤུགས་ཡོད་ཚད་སྤྱད་ནས་ཁོ་ཚོའི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས།

གསར་སྤེལ་ཁུལ་ཏང་ཨུའི་ཁོངས་མི་དང་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཁག་མང་ཚོགས་དུད་ཁྱིམ་ལ་སོང་ནས་རྒྱུས་ལོན་བྱེད་དུས། ཞིན་རིན་སྡེ་བའི་ལྭ་ཐའོ་སྡེ་མི་ཚན་ཆུང་གི་ཐོན་སྐྱེད་འཚོ་བའི་ཆུ་བཀོལ་ཧ་ཅང་དཀའ་བར་ཤེས་པ་དང་།  འདེབས་འཛུགས་གསོ་སྤེལ་མཐུན་ཚོགས་ཀྱི་འཕེལ་རྒྱས་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད།

ཤེས་གསལ་ལྟར་ན། ལྭ་ཐའོ་སྡེ་མི་ཚན་ཆུང་དུ་ཁྱིམ་བའི་དུད་ཁྱིམ30དང་སྡེ་མི125ཡོད།  ཉེ་བའི་ལོ་འགའི་རིང་།  སྡེ་བ་འདིས་ཧུར་ཐག་སྒོས་ཞིང་ལས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱས་པ་དང་། སྔོ་ཚོད་ས་མུའུ180དང་སིལ་ཏོག་ས་མུའུ96བཅས་འདེབས་འཛུགས་བྱེད་བཞིན་ཡོད།

དོན་དངོས་སྟེང་མང་ཚོགས་ཀྱི་ཆུ་བཀོལ་གནད་དོན་ཐག་གཅོད་བྱེད་ཆེད།  གསར་སྤེལ་ཁུལ་གྱིས་མ་དངུལ་སྒོར་ཁྲི16བཏང་སྟེ་ཁྲོམ་པ་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱས།  མིག་སྔར།  ཁྲོམ་པ་ལས་ཆུ་འབྱུང་བའི་གནས་ཚུལ་ཅུང་ལེགས་ཤིང་།  ཆུའི་བཟང་ངན་རྫས་འགྱུར་བརྟག་དཔྱད་བྱས་ནས་ཚད་དང་མཐུན་རྗེས་མང་ཚོགས་ལ་འདོན་སྤྲོད་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག