མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབུལ་ཕོངས་བྱིས་པར་འཚམས་འདྲི་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-26 11:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཟླ་སྟོད་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤང་དང་གྲོང་རྡལ11གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་བྱས་ཏེ། འཚོ་བར་དཀའ་ཁག་ཡོད་པའི་དུད་ཁྱིམ420དུ་སོང་ནས་དབུལ་ཕོངས་བྱིས་པ420ལ་འཚམས་འདྲི་བྱས།

 འཚམས་འདྲི་བྱ་བ་ལེགས་པོ་སྒྲུབ་པ་དང་།  དུས་ལྟར་རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་རྒྱུས་ལོན་བྱེད་ཆེད།  རྫོང་འདིའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ8པ་ནས་བཟུང་འཚོ་བར་དཀའ་ཁག་ཡོད་པའི་དུད་ཁྱིམ་དག་ལ་ཁྱོན་ཡོངས་ནས་ཞིབ་དཔྱད་རྒྱུས་ལོན་བྱས་པ་མ་ཟད། ཁྱིམ་ཚང་ནང་གི་ལོ་གཅིག་ནས་ལོ་གསུམ་བར་གྱི་བྱིས་པའི་གནས་ཚུལ་ལ་བརྟག་དཔྱད་སྤྱི་སྡོམ་དང་བརྡ་འཕྲིན་འཚོལ་བསྡུ། ཐོ་འགོད་བྱེད་པ་སོགས་བྱེད་ཐབས་རབ་དང་རིམ་པ་སྤེལ་བ་བརྒྱུད། རྫོང་ཡོངས་ནས་ལོ་གཅིག་ནས་ལོ་གསུམ་བར་གྱི་བྱིས་པ1276ཡོད་པ་རྒྱུས་ལོན་བྱུང་ཞིང་། དྲང་བདེན་དང་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་ལྟར། དེའི་ཁྲོད་དུ་ལོ་གཅིག་ནས་ལོ་གསུམ་བར་གྱི་ཆེད་དབུལ་བྱིས་པ420བདམས་ཐོན་བྱུང་བ་དང་ཐེངས་འདིའི་བྱ་འགུལ་ལ་རྒྱལ་ཡོངས་བུད་མེད་ཐེབས་རྩ་ཚོགས་པས་རྒྱབ་སྐྱོར་ཐོབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག