མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ཁྱོན་ཡོངས་ནས་ཞིང་སྡེའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་བཀོད་སྒྲིག་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-25 10:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་དང་ཞིང་སྡེའི་བཅོས་བསྒྱུར་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ཏེ།  བདེ་ཆེན་ཁུལ་གྱི་ཞིང་སྡེའི་བཅོས་བསྒྱུར་བྱ་བའི་སྤྱིའི་ཇུས་གཞི་དང་བྱ་བའི་གོ་རིམ་ཇུས་གཞི་ལ་ཞིབ་དཔྱད་བྱས་པ་དང་། ཁུལ་ཡོངས་ཀྱི་ཞིང་སྡེའི་བཅོས་བསྒྱུར་བྱ་བར་བཀོད་སྒྲིག་བྱས།  གྲོས་ཚོགས་ལས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་སྔར་ལས་ལྷག་པར་ཞིང་ལས་རྒྱབ་སྐྱོར་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།  ཞིང་སྡེའི་ས་གཞིའི་ལམ་ལུགས་བཅོས་བསྒྱུར་དང་ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་བཅོས་བསྒྱུར། ཆུ་བེད་བཅོས་བསྒྱུར་དང་ཞིང་སྡེའི་དངུལ་རྩའི་བཅོས་བསྒྱུར་སོགས་གཏིང་ཟབ་ཏུ་སྤེལ་བ་བརྒྱུད།  ནུས་ཤུགས་ཡོད་དགུ་བཏོན་ནས་གསར་དར་ཚོང་གཉེར་དར་སྤེལ་བྱེད་པ་དང་གསར་དར་ལས་རིགས་གཉེར་བའི་ཞིང་བ་གསོ་སྐྱོང་བྱེད་པ།  འཁོར་རྒྱུག་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་སོགས་དབུལ་སྐྱོར་གསར་སྤེལ་གྱི་གོམ་ཁ་ཇེ་མགྱོགས་སུ་གཏོང་དགོས་བཅས་མཁར་གྲོང་གི་སྤྱི་སྤྱོད་ཞབས་ཞུའི་ཆུ་ཚད་འདྲ་མཉམ་དུ་གཏོང་བ་དང་མཁར་གྲོང་ངོ་བོ་གཅིག་ཅན་གྱི་ལམ་ལུགས་ཁྱབ་སྤེལ་བྱེད་པ་དང་། ཞིང་སྡེའི་སྤྱི་ཚོགས་བདེ་འཇགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པར་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག