མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་སྒོར་མོ་རྫུན་མ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱ་འགུལ་སྤེལ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-25 10:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9བ་ནི་རྒྱལ་ཡོངས་ཀྱི་སྒོར་མོ་རྫུན་མ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཟླ་འཁོར་ཡིན་པ་དང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་སོ་སོའི་སྒོར་མོ་རྫུན་མ་ངོ་རྒོལ་རྩ་འཛུགས་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་མིའི་ལས་ཁུངས་ཏུ་སྒོར་མོ་རྫུན་མ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བཞིན་ཡོད།

དུས་ཐོག་ཏུ་མི་དམངས་དངུལ་ཁང་བདེ་ཆེན་ཁུལ་ཡན་ལག་དངུལ་ཁང་གི་འགོ་གཙོ་ཚན་ཆུང་འདིའི་འགོ་གཙོ་ཡིན་པ་དང་། ཁོངས་མི་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བ་ཁོངས་མི་ཡིན་པའི་སྒོར་མོ་རྫུན་མ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་འགོ་ཁྲིད་ཚན་ཆུང་བཙུགས་ནས།  《བདེ་ཆེན་ཁུལ་གྱི་སྒོར་མོ་རྫུན་མ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཟླ་འཁོར་གྱི་བྱ་བའི་ཇུས་གཞི》གཏན་འབེབས་བྱས་པ་དང་འགྲེམ་སྤེལ་བྱས་པ་བརྒྱུད།  སྒོར་མོ་རྫུན་མ་ངོ་རྒོལ་བྱེད་པའི་བྱ་འགུལ་བདེ་བླག་ངང་སྤེལ་བར་མཐུན་རྐྱེན་སྐྲུན།  དྲིལ་བསྒྲགས་བྱ་འགུལ་ལས་ཞིང་སྡེ་དང་ཚོང་ར། ཐང་ཆེན་དང་གཞིས་ཁུལ། སློབ་གྲྭ་དང་དྲ་རྒྱ་གཙོ་བྱས་ནས་དྲིལ་བསྒྲགས་རབ་དང་རིམ་པ་སྤེལ་བ་མ་ཟད།  བྱ་འགུལ་ལས་ད་དུང་དྲིལ་བསྒྲགས་བྱ་འགུལ་སྐོར་ཞིབ་ཚན་ཆུང་བཙུགས་ནས།  ལས་ཁུངས་སོ་སོ་དང་ཁུལ་ཡོངས་ཀྱི་དངུལ་རྩའི་སྡེ་ཁག་སོ་སོས་དྲིལ་བསྒྲགས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་།  དྲིལ་བསྒྲགས་ཕན་ནུས་ཐོན་ཐུབ་པར་ཁག་ཐེག་བྱས།

རྒྱུས་ལོན་པ་ལྟར་ན། སྒོར་མོ་རྫུན་མ་ངོ་རྒོལ་བྱེད་པའི་བྱ་འགུལ་སྐབས་སུ། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ལ་སྒོར་མོ་རྫུན་མ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཡིག་ཆ16000དང་།  ལག་སྐྱེས་ཁུག་མ2000ལྷག་འགྲེམ་གཏོང་བྱས་པ་ལས་གཞན་ད་དུང་འཐུས་ཚབ་རིང་བཞིན་གྱི་སློབ་ཆུང་གསུམ་ལ་དྲིལ་བསྒྲགས་འབྲི་དེབ2500དང་ལྕགས་སྨྱུག1500ཞལ་འདེབས་སུ་ཕུལ་བ་དང་མང་ཚོགས་སྟོང་ལྷག་གིས་བློ་འདྲི་བར་དང་ལེན་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག