མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས་དེབ་ཐེར》འགྲེམ་སྤེལ་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-24 11:09

ཀྲུང་གོའི་བོད་གྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ཞིབ་འཇུག་ཁང་གི་རྩོམ་སྒྲིག་མི་སྣས་ལོ་ངོ10རིང་གི་འབད་པ་བྱས་འོག  ཉེ་ལམ་ལེའུ33ཡོད་པ་དང་ཡིག་འབྲི་ཁྲི340ལྷག་ཡོད་པའི《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས་དེབ་ཐེར》ཡུན་ནན་མི་རིགས་པར་སྐྲུན་ཁང་གི་དངོས་སུ་པར་བསྐྲུན་བྱས་ནས་འགྲེམ་སྤེལ་བྱས།

རྒྱུས་ལོན་པ་ལྟར་ན། 2004ལོར་བདེ་ཆེན་ཁུལ་གྱིས་ཐེངས་གཉིས་པའི་ལོ་རྒྱུས་དེབ་ཐེར་རྩོམ་སྒྲིག་བྱེད་འགོ་བརྩམས་པ་དང་།  ལོ་རྒྱུས་དེབ་ཐེར་རྩོམ་སྒྲིག་བྱ་བར་བདེ་བླག་ངང་སྒྲུབ་ཆེད།  བདེ་ཆེན་ཁུལ་ཏང་ཨུའི་གཞུང་སྒྲུབ་ཁང་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས《བདེ་ཆེན་ཁུལ་གྱི་ལོ་རྒྱུས་དེབ་ཐེར་རྗེས་མཐུད་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པའི་བརྡ་ཐོ》འགྲེམ་སྤེལ་བྱས། བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཁུལ་དཔོན་ཁྲིན་ཅན་ཀའོ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་པ་མ་ཟད།  ཐེངས་མང་པོར་གྲོས་ཚོགས་བསྡུས་ནས་ཐེངས་གཉིས་པའི་ལོ་རྒྱུས་དེབ་ཐེར་རྩོམ་སྒྲིག་བྱེད་པར་ཆེད་དོན་ཞིབ་འཇུག་བྱས་པ་དང་། རྩོམ་སྒྲིག་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ། ཁུལ་སྲིད་གཞུང་དང་རྫོང་གསུམ། ས་ཁུལ་གཅིག ཁུལ་རིམ་པའི་ཐེངས་གཉིས་པའི་ལོ་རྒྱུས་དེབ་ཐེར་སླར་གསོ་བྱེད་པའི་ལས་འགན་ཁུར་ཡོད་པའི་ལས་ཁུངས་དང་སྡེ་ཁག་གིས་འགན་འཁྲི་ཡི་གེ་སྟེང་མིང་ཐོ་བཀོད་པ་ལས་གཞན་ད་དུང་ལས་འགན་དམིགས་འབེན་སྡེ་ཁག་སོ་སོའི་ལོ་མཇུག་གི་བྱ་བའི་དམིགས་འབེན་དཔྱད་ཞིབ་ནང་བཞག 

2010ལོའི་ཟླ9པར་བདེ་ཆེན་ཁུལ་ས་གནས་ལོ་རྒྱུས་དེབ་ཐེར་ཆེད་མཁས་ཞིབ་དཔྱད་ཚན་ཆུང་གིས་ཞིབ་དཔྱད་བྱས་པ་མ་ཟད།  སླར་གསོ་བསམ་འཆར་ལྟར་སླར་གསོ་བྱས་ནས་ལེགས་འགྲུབ་བྱུང་།  ལོ་དེའི་ལོ་མཇུག་ལ་ཞིང་ཆེན་ལོ་རྒྱུས་དེབ་ཐེར་གཞུང་སྒྲུབ་ཁང་ནས་ཞིབ་དཔྱད་བྱས་པ་དང2013ལོའི་ཟླ3པར་ཞིབ་དཔྱད་ཆོག་མཆན་གནང་།  ད་ལོའི་ཟླ8པར《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས་དེབ་ཐེར》དངོས་སུ་པར་བསྐྲུན་བྱས་ཏེ་འགྲེམ་སྤེལ་བྱས་པ་དང་། ཡུན་ནན་ཞིང་ཆེན་གྱི་ཐེངས་གཉིས་པའི་ལོ་རྒྱུས་དེབ་ཐེར་སླར་གསོ་ཁྲོད་ཆོག་མཆན་ཐོབ་པའི་ལོ་རྒྱུས་དེབ་ཐེར་གསུམ་པ་ཡིན།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག