མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་འཁྲབ་སྟོན་རྣམ་གྲངས་ཀྱིས་བོད་ཀྱི་རིག་གནས་འགྲེམ་སྟོན་བྱེད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-24 11:08

རས་པ་འཆམ་པ།(པད་མ་ཚེ་རིང་གིས་པར་བླངས།)

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་སྐབས་བཅུ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་བསྡུ་བའི་ཚུན་དུ། བདེ་ཆེན་ཁུལ་འཐུས་ཚབ་རུ་ཁག་གི་འགྲན་བསྡུར་དུ་ཞུགས་པའི་འཁྲབ་སྟོན་རྣམ་གྲངས་ཀྱིས་གང་ཐུབ་ངང་རང་ཁུལ་གྱི་མི་རིགས་རིག་གནས་ཀྱི་རྒྱུ་ཆ་འགྲེམ་སྟོན་བྱས་པ་དང་། ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་ལྟད་མོ་བའི་དགའ་བསུ་ཐོབ་པ་རེད།

ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས་ཐོག བདེ་ཆེན་ཁུལ་གླུ་གར་ཚོགས་པས་གྲུབ་པའི་རུ་ཁག་གིས་དགའ་སྣང་ཆེ་བའི་《སྐོར་བྲོ་འཁྲབ་པ》དང་རོལ་ཚིགས་གསལ་པོ་ལྡན་པའི་《མཐའ་ཆུའི་རས་པ》སོགས་འཁྲབ་ཚན་འཁྲབ་སྟོན་བྱས་ནས། བདེ་ཆེན་གྱི་ཡུལ་སྲོལ་གོམས་གཤིས་དེ་ངོ་མཚར་ཆེ་བའི་གླུ་གར་གྱི་སྒོ་ནས་ས་ཆ་ཁག་ནས་ཡོང་བའི་ལྟད་མོ་བ་ལ་འགྲེམ་སྟོན་བྱས་པ་རེད།

རས་པ་འཆམ་པ།(པད་མ་ཚེ་རིང་གིས་པར་བླངས།)

ལུས་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་རྣམ་གྲངས་ཀྱི་འགྲན་བསྡུར་ཐོག བདེ་ཆེན་འཐུས་ཚབ་རུ་ཁག་གིས་《རླུང་རྟ་བཏགས་པ》ཞེས་པའི་རྩལ་འགྲན་རྣམ་གྲངས་འཁྲབ་སྟོན་བྱས་ནས། ཡུན་ནན་ཞིང་ཆེན་སྐབས་བཅུ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་བསྡུ་བའི་དུས་སུ།བདེ་ཆེན་མི་རིགས་ཁག་གི་མི་དམངས་ཀྱིས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལེགས་འགྲུབ་ངང་མཇུག་སྒྲིལ་ཡོང་བར་སྨོན་འདུན་ཞུ་བ་དེ་མཚོན་ཡོད།

བདེ་ཆེན་འཐུས་ཚབ་རུ་ཁག་གི་འཁྲབ་སྟོན་རྣམ་གྲངས་ཀྱི་ཐོན་ཀྲང་གཞོན་པ་ཀྲང་ཞུའེ་ལན་གྱིས་ངོ་སྤྲོད་བྱས་པ་ལྟར། སྐབས་འདིའི་ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས་ཐོག བདེ་ཆེན་འཐུས་ཚབ་རུ་ཁག་འཁྲབ་ཚན་རྣམ་གྲངས་ཀུན་ལ་ཞུགས་ཡོད། དེའི་ནང་རྩལ་འགྲན་རིགས་དང་གཟུགས་གཞི་སྦྱོང་བདེ་འཇུག་རྩལ་རྣམ་གྲངས་གཉིས་སུ་ཞུགས་ཡོད། ཕྱོགས་བསྡུས་རིགས་དང་འཁྲབ་རྩལ་རིགས་སོ་སོར་རྣམ་གྲངས་རེ་འགྲན་བསྡུར་དུ་ཞུགས་ཡོད་ཅེས་བཤད་པ་རེད། ད་ལོའི་ཟླ་3པའི་ཚུན་དུ། ང་ཚོས་གླུ་གར་ཚོགས་པའི་འཁྲབ་མཁན་ཚོ་སྒྲིག་འཛུགས་བྱས་ནས་རྣམ་གྲངས་ཁག་གི་འགྲན་བསྡུར་ལ་གྲ་སྒྲིག་བྱས་པ་འདི་འདྲ་བཤད་བྱུང་།

འཁྲབ་སྟོན་རྣམ་གྲངས་བྱས་ལ་བརྒྱུད་ནས། ཇེ་མང་གི་མི་རིགས་གཞན་དག་གི་རིག་གནས་ལ་རྒྱུས་ལོན་བྱུང་བར་འཇོག་པ་དང་། ཁུལ་དང་གྲོང་ཁྱེར་གཞན་དག་གི་མི་རིགས་དེ་ལས་བདེ་ཆེན་ལ་རྒྱུས་ལོན་བྱུང་བར་འཇོག་པར་རེད།

རས་པ་འཆམ་པ།(པད་མ་ཚེ་རིང་གིས་པར་བླངས།)
རས་པ་འཆམ་པ།(པད་མ་ཚེ་རིང་གིས་པར་བླངས།)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག