མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་ལུས་རྩལ་འགྲན་ཚོགས་ལ་དྲིལ་བསྒྲགས་ཡག་པོ་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-24 11:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་སྐབས་བཅུ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་བསྡུ་འགོ་ཚུགས་པའི་ཚུན་དུ། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་ཕྱོགས་ཡོངས་ནས་ལས་ཀ་སྒྲུབ་ཚད་མགྱོ གས་སུ་བཏང་བ་དང་ལས་ཆོད་ཆེ་རུ་བཏང་སྟེ། གསར་འགྱུར་གྱི་དུས་ཐོག་རང་བཞིན་དང་ཡང་དག་པའི་རང་བཞིན་ལ་ཁག་ཐེག་བྱས་པ་རེད།

ཉིན་རེ་ཞོགས་པའི་ཆུ་ཚོད8དང་སྐར་མ30སྟེང་། ཚགས་པར་ཁང་གི་ལས་བྱེད་མི་སྣས་ཉིན་དེའི་ཚགས་པར་འཐུས་ཚབ་རུ་ཁག་18སྡོད་ཡོད་པའི་མགྲོན་ཁང36ཏུ་སྐྱེལ་བ་དང་། ཉིན་རེར་སྐྱེལ་གྲངས1700ཟིན་པ་རེད།

ཡུས་ཤི་འཐུས་ཚབ་རུ་ཁག་གི་ཐོན་ཀྲང་གཞོན་པ་ཏུང་ལགས་ཀྱིས་ཡུན་ནན་ཞིང་ཆེན་སྐབས་བཅུ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་བསྡུ་འགོ་ཚུགས་པའི་ཚུན་དུ། བདེ་ཆེན་ཉིན་རེའི་ཚགས་པར་གྱིས་ཕྱོགས་ཡོངས་ནས་ཉིན་དེ་དག་ཏུ་བསྡུས་པའི་འགྲན་བསྡུར་ཁག་དུས་ཐོག་ཏུ་འགོད་པ་དང་། དུས་མཚུངས་སུ་ཚགས་པར་དེ་བལྟས་ནས་བདེ་ཆེན་གྱི་སྤྱི་ཚོགས་དཔལ་འབྱོར་གྱི་གོང་སྤེལ་གནས་ཚུལ་ལ་རྒྱུས་ལོན་ཟབ་པོ་བྱུང་ཞེས་བཤད་པ་རེད།

གསར་འགྱུར་དུས་ཐོག་ཏུ་འགོད་ཆེད། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་འགོ་ཁྲིད་རྣམས་ཀྱིས་ལས་ཀའི་ལམ་ལུགས་ལེགས་སྒྲིག་བྱས་ཏེ། ལས་བྱེད་མི་སྣ་ལ་སྟབས་བསྟུན་དང་གསོན་ཤུགས་ལྡན་པའི་གསར་འགྱུར་འགོད་པ་དང་། ཚགས་པར་གྱི་སྤུས་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ། ཚེས19ཉིན་གྱི་བར་དུ། 《བདེ་ཆེན་ཉིན་རེའི་ཚགས་པར》ཐོག་《ངོ་མཚར་ཆེ་བའི་འགྲན་བསྡུར》དང་《བྱང་བུའི་ཚན་བྱང་》སོགས་ཚན་བྱང5བཀོད་སྒྲིག་བྱས་ནས། ཁྱོན་བསྡོམས་གསར་འགྱུར145དང་པར་རིས193འགོད་པ། ཆེད་བཏོན་ཚགས་པར3གྱི་པར་ངོས36བཟོས་པ།《བདེ་ཆེན་བོད་ཡིག་ཚགས་པར》གྱིས་གསར་འགྱུར16དང་པར་རིས35འགོད་པ། སེམས་ཀྱི་ཉི་ཟླའི་དྲ་བས་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་ཆེད་དོན་དྲ་ངོས་བཟོས་ཏེ། ཚན་བྱང7བཀོད་སྒྲིག་བྱས་ཤིང་། གསར་འགྱུར་དང་པར་རིས་ཁྱོན་བསྡོམས529འགོད་པ་དང་། བརྙན་ཟློས7བཟོས་ཡོད། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བས་གསར་འགྱུར69དང་པར་རིས57འགོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག