མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

དང་བླངས་པས་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་ཆེད་དུ་ཞབས་འདེགས་ཞུས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-24 11:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་གྱི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་ཐོག་ཏུ་དེ་འདྲའི་མི་ཚོགས་ཤིག་ཡོད་ལ། མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་སྔོན་དུ་ཁོ་ཚོས་ལྟད་མོ་བའི་སྡོད་ས་ཁྲི་ཚོའི་ཐོག་ཆར་གོས་དང་། འཐུང་ཆུ། ཞྭ་མོ་སོགས་བཞག་ཅིང་། འགོ་ཚོགས་མཛད་སྒོའི་ཐོག་ཁོ་ཚོས་ལྟད་མོ་བ་སྡོད་སར་ཁྲིད་པ། འགོ་ཚུགས་མཛད་སྒོའི་རྗེས་མར་ཁོ་ཚོས་ལུས་རྩལ་ཐང་དུ་ཡོ་བྱད་སྣ་ཚོགས་སྤོ་བ་མ་ཟད། ད་དུང་གད་སྙིགས་འཐུ་བ་དང་ག་ས་ག་ལ་གཙང་འཕྱག་བྱེད་པ། ཁོ་ཚོའི་མིང་ལ་དང་བླངས་པ་ཟེར་བ་རེད།

ཤེས་གསལ་བྱུང་དོན།མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་དང་བླངས་པ་ནི་ལན་ཐན་སྐྱོབ་རོགས་རུ་ཁག་དང་།བདེ་ཆེན་སེམས་ཀྱི་ཉི་ཟླའི་སྤྱི་ཕན་དང་བླངས་པའི་མཐུན་ཚོགས།ཁུལ་དང་རྫོང་གི་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་མི་སྣ། ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་སོགས་ནས་ཡོང་བ་ཡིན་ལ། ཁྱོན་བསྡོམས་མི300ཡན་མན་ཡོད་ཅིང་།དེའི་ནང་ལ་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མ200ཙམ་ཡོད་པ་རེད།

དང་བླངས་པས་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཞབས་འདེགས་ཞུས་པ་མ་ཟད།ལུས་རྩལ་འགྲན་ཚོགས་ཀྱི་ཉིན10རིང་གི་འགྲན་བསྡུར་བྱེད་ཡུལ་གྱི་ལུས་རྩལ་ཐང་ངམ་ལུས་རྩལ་ཁང་དུ་ཁོ་ཚོས་ཉིན་ལྟར་ལུས་རྩལ་པའི་སྔོན་དུ་འགྲན་བསྡུར་བྱེད་ཡུལ་དུ་སླེབས་ཤིང་།འགྲན་བསྡུར་གྱི་ཡོ་བྱད་གྲ་སྒྲིག་བྱས་པ་དང་གཙང་འཕྱག་བྱས། འགྲན་བསྡུར་མཇུག་སྒྲིལ་རྗེས་ཡོ་བྱད་སོགས་ལེགས་སྒྲིག་བྱེད་པ་དང་གད་སྙིགས་ཚང་མ་གཙང་འཕྱག་བྱས་པ་རེད།

ཁ་དོག་སྣ་ཚོགས་ཀྱི་གོས་རྒྱན་འོག་དང་བླངས་པའི་སྟོད་ཐུང་གྱོ ན་པའི་དང་བླངས་པ་རྣམས་མི་རིགས་ལུས་རྩལ་འགྲན་ཚོགས་ཐོག་ཏུ་རྣམ་པ་རབ་ཏུ་བཀྲ་བའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། ཁོ་ཚོས་རྔུལ་ཆུ་ཁྲུམ་ཁྲུམ་དུ་འབབ་ཅིང་། ལྷག་བསམ་རྣམ་དག་གི་ངང་ནས་ཚང་མ་ལ་ཞབས་འདེགས་ཞུས་ནས། མི་རིགས་ལུས་རྩལ་གྱི་ཆེད་དུ་ལེགས་སྐྱེས་ཆེན་མོ་ཕུལ་ཡོད་པ་མ་ཟད། བདེ་ཆེན་སེམས་ཀྱི་ཉི་ཟླའི་རྣམ་པ་ཡག་པོ་ཕྱིར་སྟོན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག