མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་རྟ་རྩལ་འགྲན་བསྡུར་ཟླ9པའི་ཚེས19ཉིན་མཇུག་རྫོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-24 11:07

སྨི10000 ཡི་མགྱོགས་ཚད་འགྲན་བསྡུར་གྱི་རྟགས་མ་གནང་བའི་ཡུལ་དངོས་ཀྱི་རྣམ་པ།(ཧྲི་ཞན་ཡའོ་ཡིས་པར་བླངས།)

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས19ཉིན་གྱི་སྔ་དྲོ། ཡུན་ནན་ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་རྟ་རྩལ་འགྲན་བསྡུར་ཐང་དུ་མགྱོགས་ཚད་སྨི་10000ཡི་རྟ་རྒྱུག་ཚོ་ཆུང་ཀ་པ་དང་ཁ་པའི་འགྲན་བསྡུར་མཇུག་རྗོགས་ལ། གསེར་གྱི་རྟགས་མ་གཉིས་བདེ་ཆེན་འཐུས་ཚབ་རུ་ཁག་གིས་བླངས་པ་དང་ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་ཀྱང་དེ་དང་བསྟུན་ནས་མཇུག་རྫོགས་པ་རེད།

ཉེ་བའི་ལོ་འགའི་རིང་ལ།སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་བའི་རྟ་རྒྱུག་ཐང་དུ་ཅང་ཤེས་རྟ་ཕོའི་གོམ་འགྲོས་རེ་རེ་དང་རྟ་རྩལ་པས་ཐེངས་རེ་རེས་མཆོང་བརྒལ་བྱས་པ་དང་།རྒྱ་ཆེ་བའི་ལྟད་མོ་བས་དགའ་སྤྲོའི་འབོད་སྒྲ་མཚམས་མི་ཆད།ཏ་ལིའི་འཐུས་ཚབ་རུ་ཁག་གི་རྟ་རྩལ་རྩལ་འཁྲིད་རྒན་པ་ཡུས་ཐིང་ལིའུ་ཡིས་གསར་འགོད་པར་ཁོང་ཉིད་ས་ཆ་མང་པོ་སོང་ནས་རྟ་རྩལ་འགྲན་བསྡུར་བྱས་མྱོང་མོད།འོན་ཀྱང་བདེ་ཆེན་འདི་ལྟར་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་པའི་འགྲན་བསྡུར་ཤིན་ཏུ་ཉུང་།འགྲན་བསྡུར་རེ་རེ་ལ་ལྟད་མོ་བ་མི་སྟོང་ལས་བརྒལ་ཡོད་པ་མ་ཟད།རྟའི་འདུ་ཤེས་དང་རྟ་རྩལ་པ་ལ་བཅངས་པའི་སྤྲོ་སེམས་དངོས་གནས་མཐོང་དཀོན་པ་ཞིག་རེད།བདེ་ཆེན་ནི་ཡུན་ནན་དམངས་ཁྲོད་རྟ་རྩལ་གྱི་ཡུལ་ཁམས་ཡིན་ཟེར་བ་དེ་དངོས་གནས་དོན་དངོས་དང་མཚུངས་ཞེས་བཤད་པ་རེད།

ཐེངས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་སུ་ཁུན་མིང་དང་ས་དམ། ཏ་ལི། བདེ་ཆེན་བཅས་འཐུས་ཚབ་རུ་ཁག་4དང་རྟ་70རྟ་རྩལ་འགྲན་བསྡུར་དུ་ཞུགས་པ་རེད། སྨི1000དང་སྨི2000 སྨི5000ཡི་མགྱོགས་ཚད་འགྲན་བསྡུར་གྱི་ཚོ་ཆུང་ཀ་པ་དང་ཁ་པའི་འགྲན་བསྡུར། གོམ་ཚད་འགྲན་བསྡུར་གྱི་ཚོ་ཆུང་ཀ་པ་དང་ཁ་པའི་འགྲན་བསྡུར།སྨི10000 ཡི་མགྱོགས་ཚད་འགྲན་བསྡུར་གྱི་ཚོ་ཆུང་ཀ་པ་དང་ཁ་པའི་འགྲན་བསྡུར།རྟའི་ཚན་པ་གྲངས་གསུམ་སོགས་འགྲན་བསྡུར་6ལ་གསེར་གྱི་རྟགས་མ22ཐོབ་པ་དང་། ཁུན་མིང་དང་ཏ་ལི། ས་དམ་བཅས་ཀྱིས་གསེར་གྱི་རྟགས་མ་གཅིག་རེ་བླངས་པ་ལས་ཕུད། བདེ་ཆེན་རྟ་རྩལ་ཚོགས་པའི་འགྲན་བསྡུར་དུ་ཞུགས་པའི་རྟ28དང་རྟ་རྩལ་པ་21གྱིས་གསེར་གྱི་རྟགས་མ19བླངས་པ་རེད།

བདེ་ཆེན་རྟ་རྩལ་འཐུས་ཚབ་རུ་ཁག་གི་སྣེ་ཁྲིད་མཁན་ཨ་བུ་ཡིས་ཐེངས་སྔ་མའི་མི་རིགས་ལུས་རྩལ་འགྲན་ཚོགས་མཇུག་རྫོགས་རྗེས།བདེ་ཆེན་རྟ་རྩལ་འཐུས་ཚབ་རུ་ཁག་གིས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་གྲ་སྒྲིག་བྱེད་འགོ་བརྩམས་པ་ཡིན།ལོ4རིང་ལ་གྲ་སྒྲིག་དང་འགོ་ཚུགས་མཛད་སྒོའི་སྔོན་གྱི་ཉིན60ལ་གཅིག་བསྡུས་ཀྱིས་སྦྱོང་བརྡར་བྱས་པ་བརྒྱུད།ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སུ་བདེ་ཆེན་རྟ་རྩལ་རུ་ཁག་གིས་ངོ་མཚར་ཆེ་བའི་རྟ་རྩལ་ངོམ་པས་ཧ་ཅང་བཟང་བའི་སྐར་འབྲས་བླངས་པ་རེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག