མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

དབྱིན་པའེ་ཡིས་སེམས་ཀྱི་ཉི་ཟླ་རྗོང་ལོ་ཅི་དང་སན་པ་ཤང་དུ་ཞིབ་འཇུག་བརྟག་དཔྱད་བྱེད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-24 11:07

བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དབྱིན་པའེ་ཡིས་སན་པ་ཤང་ཧ་པ་གྲོང་སྡེའི་དམངས་བདེ་ཞབས་ཞུ་ལྟེ་གནས་སུ་དྲིལ་བསྒྲགས་ལག་དེབ་གཟིགས་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན།ཁུལ་ཨུའི་ཧྲུའུ་ཅི་དབྱིན་པའེ་ཡིས་སེམས་ཀྱི་ཉི་ཟླ་རྫོང་ལོ་ཅི་དང་སན་པ་ཤང་དུ་ཞིབ་འཇུག་བརྟག་དཔྱད་བྱེད་པའི་སྐབས་སུ་རྒྱ་ཆེ་བའི་གཞི་རིམ་ལས་བྱེད་པས་ནན་ཏན་གྱིས“གཞུང་གསུམ”ལམ་ལུགས་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་ཏེ།དྲང་པོ་ཡིས་དྲང་སྙོམས་ལ་སྲུང་སྐྱོང་བྱས་ནས།དམངས་ལ་བྱམས་པ་དང་མང་ཚོགས་ཀྱི་ལངས་ཕྱོགས་བརྟན་པོར་བྱེད་པ།དོན་དངོས་ཀྱིས་རང་འགན་རང་སྒྲུབ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

“ཞིང་པའི་ལོ་རེའི་ཡོང་འབབ་ཅི་འདྲ་ཡིན་པ་དང་།ཡོང་འབབ་ཀྱི་ཡོང་ཁུངས་ཅི་ཡིན་པ།གྲོང་སྡེ་ཧྲིལ་པོར་མི་ག་ཚོད་ཀྱིས་ཆེས་དམའ་འགན་སྲུང་ལོངས་སྤྱོད་བྱེད་བཞིན་ཡོད་པ་དང་བྱེད་ཐབས་ཇི་འདྲ་ལ་བརྟེན་ནས་བགོ་འགྲེམ་བྱེད་པ་ཡིན”ལོ་ཅི་ཤང་ཅིའུ་ལུང་གྲོང་མིའི་ཨུ་ལྷན་དུ།དབྱིན་པའེ་ཡིས་ཞིབ་ཕྲའི་སྒོ་ནས་གྲོང་སྡེ་འདིའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དམངས་ཀྱི་འཚོ་བ།མཐུན་སྒྲིལ་བརྟན་རླིང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་རེད།གོ་ཐོས་སུ་ཅིའུ་ལུང་གྲོང་མིའི་ཨུ་ལྷན་གྱི་ཀྲུའུ་རེན་ནི་བསྟུད་མར་འདེམས་བསྐོས་དང་འགན་བཞེས་བྱས་པ་ཡིན་ཟེར།དབྱིན་པའེ་ཡིས་ཁོང་ལ་བསྟུད་མར་འདེམས་བསྐོས་དང་འགན་བཞེས་བྱས་པ་ནི་མང་ཚོགས་ཀྱིས་ཁྱོད་ལ་ཡིད་ཆེས་ཡོད་པ་མཚོན་ཡོད།སློབ་སྦྱོང་ལ་ཤུགས་བསྣན་པ་དང་རང་ནུས་ཅི་ཡོད་བཏོན་ནས་ཡོངས་བསྒྲགས་དང་དྲང་པོ།དྲང་སྙོམས་ཀྱིས་ཏང་གི་དམངས་ཕན་སྲིད་ཇུས་ཀྱི་རྣམ་གྲངས་སོ་སོ་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་ལ།གྲོང་སྡེའི་ཀྲུའུ་རེན་གྱི་ལས་ཀ་ལེགས་པོ་སྒྲུབ་པ་དང་བསྟུན་ནས་གྲོང་སྡེའི་མང་ཚོགས་ཡོངས་འབྱོར་ཕྱུག་གི་ལམ་དུ་འཁྲིད་པའི་སྣེ་ཁྲིད་པ་བཟང་པོ་ཞིག་བྱེད་དགོས་ཞེས་བཤད་པ་རེད།

སན་པ་ཤང་སྲིད་གཞུང་གི་བཞུགས་མོལ་འཚོགས་འདུ་ཚོགས་པའི་སྐབས་སུ།དབྱིན་པའེ་ཡིས་གཅིག་ནས་གཞི་རིམ་རྩ་འཛུགས་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་ཤུགས་བསྣན་དགོས།ཁོང་གིས་གྲོང་མིའི་ཨུ་ལྷན་དང་སྡེ་ཁུལ་ནི་རྒྱལ་ཁབ་སྲིད་དབང་འཁོར་སྐྱོད་བྱེད་པའི་འཕྲུལ་ཆས་འདིའི་སོ་འཁོར་ཞིག་ཡིན་པས།གྲོང་སྡེའི་ལས་བྱེད་པས་སོ་འཁོར་ཆུང་བ་འདིའི་འགག་རྩའི་བྱེད་ནུས་ལེགས་པོ་འདོན་དགོས་པ་དང་།དོན་དངོས་ཀྱིས་རང་འགན་རང་སྒྲུབ་བྱེད་དགོས། ཚད་ངེས་ཅན་ཞིག་གི་ཐོག་ནས།རང་དང་སྲིད་གཞུང་གི་རྣམ་པ་དེ་གཞི་རིམ་ནས་མཚོན་པ་དང་། གཞི་རིམ་ལས་བྱེད་པའི་ལས་སྟེང་ནས་མཚོན་ཡོད། མང་ཚོགས་ཀྱིས་གཞི་རིམ་ལས་བྱེད་པའི་ལྟ་ཚུལ་ནི་ཏང་དང་སྲིད་གཞུང་གི་ལྟ་ཚུལ་ཡིན། གཞི་རིམ་གྱི་ལས་བྱེད་པར་བློ་གཏད་ཆོག་མི་ཆོག་པ་དང་། ཡིད་ཆེས་བྱེད་ཆོག་མི་ཆོག་པ།ལས་འགན་ཁུར་ཐུབ་བམ་མི་ཐུབ་ལ་ས་གནས་གཅིག་གི་གོང་འཕེལ་དང་བརྟན་བརླིང་དང་འབྲེལ་བ་དམ་པོ་ཡོད། “ལས་བྱེད་པ་ཡག་པོ་ཡིན་མིན་ནི་མང་ཚོགས་གདེང་འཇོག་བྱེད་དགོས”རྫོང་ཨུའི་རྩ་འཛུགས་པུའུ་ཡིས་གཞི་རིམ་ལས་བྱེད་པར་རྒྱུན་ཚུལ་ཅན་གྱིས་རྒྱུས་ལོན་དང་ཞིབ་དཔྱད་བྱེད་དགོས་པ་དང་།གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་བར་ཐག་མེད་པའི་ངང་ནས་འབྲེལ་གཏུག་བྱེད་དགོས།རྩ་འཛུགས་པུའུ་ཡི་པུའུ་ཀྲང་གིས་ཕྱོགས་ཡོངས་ནས་ལས་བྱེད་པ་ལ་རྒྱུས་ལོན་ཞིབ་ཕྲ་བྱེད་དགོས། ལས་བྱེད་པ་ལ་ཞིབ་དཔྱད་བྱེད་དུས་བདེན་འཚོལ་དོན་གཉེར་བྱེད་དགོས། རྫོང་ཨུའི་ཏང་གི་སློབ་གྲྭས་ཏང་གི་ལས་བྱེད་པ་གསོ་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དེ། དངོས་ཡོད་དང་ཟུང་འབྲེལ་བྱེད་ཅིང་། སློབ་གསོའི་འཆར་གཞི་ཡག་པོ་འགོད་པ་དང་།སློབ་ཚན་བཀོད་སྒྲིག་ཡག་པོ་བྱེད་པ།གསོ་སྦྱོང་ལ་བརྒྱུད་ནས་ནུས་པ་ལྡན་པའི་ངང་གཞི་རིམ་ལས་བྱེད་པའི་བསམ་བློའི་གཤིས་རྒྱུད་དང་། སྲིད་འཛིན་ནུས་པ། ཁྲིམས་འཛིན་འདུ་ཤེས་སོགས་མཐོ་རུ་གཏོང་དགོས།གཉིས་ནས་ཏན་ཏིག་གིས་ཡོངས་བསྒྲགས་དང་། དྲང་པོ། འདྲ་སྙོམས་ཀྱི་ལམ་ལུགས་དོན་འཁྱོལ་བྱེད་དགོས། སྨན་བཅོས་སྒྱུར་བཅོས་དང་། དམའ་སྲུང་།ཁང་པའི་སྒྱུར་བཅོས་སོགས་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་སྐབས། མང་ཚོགས་ཀྱི་ལག་ཏུ་འབྱོར་དགོས་པ་ཚང་མ་ལག་ཏུ་འབྱོར་ཡོད་དམ། ལོངས་སྤྱོད་བྱེད་དགོས་པ་ཚང་མ་ལོངས་སྤྱོད་བྱེད་ཐུབ་བམ།ཚང་མ་ཁྱབ་བསྒྲགས་བྱེད་དགོས།ཁྱབ་བསྒྲགས་བྱེད་མེད་ན་གཞུང་དྲང་དང་འདྲ་མཉམ་འགན་སྲུང་བྱེད་མི་ཐུབ་པ་དང་། མང་ཚོགས་ཡིད་ཚིམ་མེད་པར་འགྱུར་ངེས་ཤིང་། གཞི་རིམ་ལས་བྱེད་པའི་གཟུགས་བརྙན་ལའང་གནོད་པ་ཡོད་ལ།མང་ཚོགས་ཏང་དང་སྲིད་གཞུང་ལ་ཡིད་ཚིམ་མེད་པར་གྱུར་རྒྱུ་རེད།གསུམ་ནས་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལས་ཀ་གལ་ཆེར་འཛིན་དགོས།ཤུགས་ཆེན་གྱིས་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་བྱེད་དགོས་ན།རྩ་བ་ནི་འཆར་འགོད་དང་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས།འཆར་འགོད་ལ་དམ་འཛིན་བྱེད་པ་དེ་ལས་གྲྭ་ལ་དམ་འཛིན་བྱེད་པ་དང་འདྲ།ལས་གྲྭ་ལ་དམ་འཛིན་བྱེད་པ་དེ་དངུལ་འཇོག་ལ་དམ་འཛིན་བྱེད་པ་དང་འདྲ།དངུལ་འཇོག་ལ་དམ་འཛིན་བྱེད་པ་དེ་གོང་འཕེལ་ལ་དམ་འཛིན་བྱེད་པ་དང་འདྲ།རིམ་པ་སོ་སོའི་ལས་བྱེད་པས་སྲིད་ཇུས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་དོན་གཅོད་ལམ་ལུགས་གསལ་པོ་ཤེས་དགོས། “ལོ་ལྔ་ཚན་བཅུ་གཉིས་པ”དོན་འཁྱོལ་བྱེད་ཡོད་དམ།དོན་འཁྱོལ་བྱེད་ཚུལ་གང་འདྲ་ཡིན། སེམས་ནང་ལ་ཧ་གོ་དགོས། “ལོ་ལྔ་ཚན་བཅུ་གསུམ་པ”སྔོན་ཚུད་ནས་འཆར་གཞི་འགོད་དགོས། བཞི་ནས། ཁྲིམས་འཛིན་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེར་གཏོང་དགོས།ཁྲིམས་འཛིན་དྲིལ་བསྒྲགས་སློབ་གསོ་ནི་ཡུན་རིང་པོའི་ལས་ཀ་ཞིག་ཡིན་ལ།གཞི་རིམ་མང་ཚོགས་ཀྱི་རིག་གནས་ཆུ་ཚད་མཐོ་དམའ་མི་འདྲ་ཞིང་།སློབ་སྦྱོང་བྱེད་ནུས་ཀྱང་མ་འདྲ་བ་རེད། ཁྲིམས་འཛིན་དྲིལ་བསྒྲགས་ལ་ཡིག་ཆ་སྒྲོག་སྦྱང་ཙམ་བྱེད་མི་རུང་ལ། དངོས་ཡོད་དང་ཟུང་འབྲེལ་བྱེད་དེ། ཐབས་ལམ་མང་པོ་བརྒྱུད་ཅིང་། མང་ཚོགས་ཀྱི་གོ་བདེ་བའི་རྣམ་པས་དྲིལ་བསྒྲགས་སློབ་གསོ་བྱེད་སྒོ་སྤེལ་དགོས་ཞེས་བསྟན་པ་རེད།

བཞུགས་མོལ་ཚོགས་འདུ་མཇུག་སྒྲིལ་རྗེས།དབྱིན་པའེ་ཡིས་ད་དུང་སན་པ་ཤང་ཧ་པ་གྲོང་དམངས་བདེའི་ཞབས་ཞུ་ལྟེ་གནས་དང་། གྲོང་གསེབ་དཔེ་ཁང་། ཅང་པན་གྲོང་ཧོ་ལུང་ཤིང་འབྲས་ཚོད་ལྟ་འདེགས་འཛུགས་རྟེན་གཞི་ལ་བརྟག་དཔྱད་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག