མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་འཐུས་ཚབ་རུ་ཁག་གིས་འཁྲབ་སྟོན་ཚན་པ་ཡི་གསེར་གྱི་རྟགས་མ་བཞི་དང་དངུལ་གྱི་རྟགས་མ་གཉིས་བླངས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-24 11:06

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་སྐབས་བཅུ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འཁྲབ་སྟོན་རྣམ་གྲངས་ཀྱི་བྱ་དགའི་ཚན་པ་ཚེས20ཉིན་ཁྱབ་བསྒྲགས་བྱས་ལ།བདེ་ཆེན་འཐུས་ཚབ་རུ་ཁག་གིས་གསེར་གྱི་རྟགས་མ་བཞི་དང་དངུལ་གྱི་རྟགས་མ་གཉིས་བླངས་པ་རེད།

ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སུ་འགྲན་བསྡུར་ཚན་པ་དང་འཁྲབ་སྟོན་ཚན་པ་བཅས་རིགས་ཆེན་པོ་གཉིས་ཡོད་པ་རེད། འཁྲབ་སྟོན་ཚན་པ་ནི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་དམིགས་བསལ་དུ་ཡོད་པའི་ཚན་པ་ཡིན་པ་མ་ཟད།མི་རིགས་ལུས་རྩལ་འགྲན་ཚོགས་འདི་ཉིད་ལུས་རྩལ་འགྲན་ཚོགས་གཞན་དང་མི་འདྲ་བའི་ཁྱད་པར་ཆེན་མོ་ལྡན། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སུ་ཁྱོན་བསྡོམས་འཁྲབ་སྟོན་ཚན་པ་76ཡོད་དེ་རྩལ་འགྲན་དང་འཁྲབ་རྩལ་འགྲན་བསྡུར། ཕྱོགས་བསྡུས་རིགས་འགྲན་བསྡུར།མི་རིགས་ཀྱི་གཟུགས་གཞི་བདེ་འཇུག་ལུས་སྦྱོང་འགྲན་བསྡུར་བཅས་རིགས་བཞི་རུ་དབྱེ་བ་དང་། གསེར་དངུལ་ཟངས་བཅས་རིགས་གསུམ་གྱི་རྟགས་མ་བཀོད་སྒྲིག་བྱས་ཡོད།

འགྲན་བསྡུར་བྱེད་པའི་སྐབས་སུ།ཞིང་ཆེན་ཡོངས་ཀྱི་འཐུས་ཚབ་རུ་ཁག18ཀྱི་འཁྲབ་སྟོན་པ་རྣམས་ཀྱིས་ལུས་སུ་ཁ་དོག་སྣ་ལྔ་ལྡན་པའི་མི་རིགས་ཀྱི་གྱོན་གོས་གྱོན་ཞིང་ངོ་ལ་མཛུམ་མདངས་དང་བཅས་མི་རིགས་ཀྱི་ཁྱད་ཆོས་ཆེས་ལྡན་པའི་ཞབས་བྲོ་འཁྲབ་པ་རེད།གཟབ་ནན་གྱི་ཞིབ་དཔྱད་དང་ཤན་འབྱེད་ཚོ་ཆུང་གིས་འབོར་ཐེངས་གཉིས་ལ་ཡུལ་དངོས་སུ་སྐར་གྲངས་འགོད་པ་བརྒྱུད།བདེ་ཆེན་འཐུས་ཚབ་རུ་ཁག་གིས་ཕྱོགས་བསྡུས་རིགས་ཀྱི་ཚན་པ་《མཐའ་ཆུའི་རས་པ》དང་རྩལ་འགྲན་རིགས་ཀྱི་ཚན་པ《ཁོ་ཧྲི་སའེ་མུའུ་ལུན》མི་རིགས་ཀྱི་གཟུགས་གཞི་བདེ་འཇུག་ལུས་སྦྱོང་ཚན་པ་《སྐོར་བྲོ་འཁྲབ་པ》འགོ་ཚུགས་མཛད་སྒོའི་ཕྱོགས་བསྡུས་རིགས་ཀྱི་ཚན་པ《བདེ་ཆེན་རས་པ》བཅས་ལ་འཁྲབ་སྟོན་ཚན་པ་ལ་གསེར་གྱི་རྟགས་མ་ཐོབ་པ་དང་། འཁྲབ་རྩལ་རིགས་ཀྱི་ཚན་པ《རྔ་རྡུང་བ》དང་《རླུང་རྟ་བཏགས་པ》ལ་དངུལ་གྱི་རྟགས་མ་ཐོབ་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག