མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་དུ་མི་གྲངས་སྟོང་ཚོ་བཞི་མཉམ་དུ་འཛོམས་ནས་དགའ་སྤྲོ་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-20 11:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9ཚེས16ཉིན་གྱི་ཕྱི་དྲོར།དགའ་སྤྲོ་འཁོལ་བའི་འགོ་ཚུགས་འཁྲབ་ཚན《དགའ་དགའ་སྤྲོ་སྤྲོ》ཞེས་པ་འཁྲབ་སྟོན་བྱེད་པའི་ཁྲོད་དུ།ཡུན་ནན་ཞིང་ཆེན་སྐབས་བཅུ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་མི་རིགས་མཉམ་སྤྲོ་ཆེན་མོའི་བྱེད་སྒོ་དེ་བསྡུ་འགོ་ཚུགས་པ་རེད།ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར16གི་འཐུས་ཚབ་རུ་ཁག་དང་ཡུན་ནན་མི་རིགས་སློབ་ཆེན།ཡུན་ནན་དགེ་འོས་སློབ་ཆེན་འཐུས་ཚབ་རུ་ཁག་གི་ལུས་རྩལ་པས་རང་མི་རིགས་ཀྱི་ཁྱད་ཆོས་ཆེས་ལྡན་པའི་འཁྲབ་ཚན་དེ་མི་རིགས་ཁག་གི་གཅེན་གཅུང་ རྣམས་ལ་ཕུལ་ཞིང་།མི་གྲངས4000ལྷག་གིས་མཉམ་སྤྲོ་ཆེན་མོའི་བྱེད་སྒོའི་ཐོག་ཏུ་གླུ་ལེན་གར་རྩེན་བྱས་པ་དང་།མི་རིགས26གི་གཅེན་གཅུང་གིས་གླུ་སྒྲ་དང་བྲོ་གར་གྱིས་མཛའ་གཅུགས་ཕྱིར་མཚོན་བྱས།

འཇོལ་གཞས་འཁྲབ་པ།
འཁྲབ་ཚན་སྟོན་པ།
འཁྲབ་ཚན་སྟོན་པ།
བོད་ལུགས་མི་གཉིས་ཀྱི་ཤུགས་འགྲན་ཆག་འཐེན།

གར་སྟེགས་ཀྱི་ཐོག་ཏུ། མཛེས་སྡུག་ཆེ་ཞིང་མིག་དབང་འཕྲོག་པའི་གོས་རྒྱན་གྱོ ན་པའི་མི་རིགས་སོ་སོའི་སྤུན་ཟླ་དང་ལྕམ་སྲིང་རྣམས་མེ་ཏོག་སྣ་མང་གཞས་པར་འདྲ་ཞིང་། གླུ་དབྱངས་ཀྱི་སྒྲ་གདངས་ལ་གཞིགས་ཏེ་ཞབས་བྲོ་འཁྲབ་པ། མི་རིགས་དང་ས་གནས་སོ་སོའི་ཁྱད་ཆོས་གཟེངས་སུ་ཐོན་པའི་འཁྲབ་ཚན་དེ་དག་གིས་མཛེས་སྡུག་ལྡན་པའི་ཡུན་ནན་གྱི་མཉམ་འཛོམས་སྣང་ཚུལ་སྟོན་ཡོད་པ་རེད། བདེ་ཆེན་བོད་རིགས་ཀྱི་ཞབས་བྲོ་དང་། ཡུས་ཞི་ཧ་ནི་རིགས་ཀྱི་སྐྱེ་ཁམས་ཆང་གཞས། ཝུན་ཧྲན་གྱི་མི་རིགས་གླུ་གར་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་གར་སྟེགས་སུ་འབྱོར་ཞིང་ལྟད་མོ་སྟོན་པས། ལྟད་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་པ་རེད།

ཁྱད་ལྡན་ཞིམ་ཟས་ཟ་བ།
འཁྲབ་ཚན་སྟོན་པ།

གར་སྟེགས་ཀྱི་འོག མི་རིགས་སོ་སོའི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་བཟའ་བཏུང་རྟེན་གཞི་ཡོད་ལ། འཐུས་ཚབ་རུ་ཁག་སོ་སོ་དང་མགྲོན་པོ་རྣམས་རིན་པ་མི་དགོས་པར་སེམས་ཀྱི་ཉི་ཟླའི་ཞིམ་ཟས་བྲོ་བ་ཉམས་ཆོག གླིང་གའི་སྤྲོ་གསེང་གཏོང་ཡུལ་དུ་ཤུགས་འགྲན་ཐག་འཐེན་སོགས་སྤྲོ་སྣང་ལྡན་པའི་བྱེད་སྒོ་སྣ་མང་བསྡུ་ཡོད་པ་མ་ཟད། ད་དུང་སེམས་ཀྱི་ཉི་ཟླའི་རྗེས་དྲན་སྙིང་དོན་ལྡན་པའི་བྱེད་སྒོའི་བྱ་དགའ་ལ་མགྲོན་པོ་རྣམས་ཀྱི་དགའ་བསུ་ཐོབ་པ་རེད།

ཤེས་གསལ་བྱུང་དོན། མི་རིགས་མཉམ་སྤྲོ་ཆེན་མོ་ནི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་ཆེས་ཁྱད་ཆོས་ལྡན་པའི་བྱེད་སྒོ་ཆེ་གྲས་ཤིག་ཡིན་ཞིང་། དེའི་ཁྱད་ཆོས་ནི་སྤྲོ་སྣང་ལྡན་པའི་གླུ་གར་ལ་བརྟེན་ནས་མི་རིགས་སོ་སོ་བར་གྱི་བརྗེ་རེས་ལ་སྐུལ་སྤེལ་གཏོང་བ་རེད། མི་རིགས་མཉམ་སྤྲོ་ཆེན་མོ་འཚོགས་པར་བརྒྱུད་ནས་གོམ་གང་མདུན་སྤོས་ཀྱིས་ས་གནས་ཁག་དང་མི་རིགས་སོ་སོའི་ཕུལ་བྱུང་གི་རིག་གནས་སྟོན་པ་དང་། མི་རིགས་ཀྱི་རང་ལ་ཡིད་ཆེས་པའི་བསམ་པ་དང་སྤོབས་པ་མཐོ་རུ་གཏོང་བ་དང་། འདྲ་མཉམ་དང་། མཐུན་སྒྲིལ། ཕན་ཚུན་རོགས་རམ། འཆམ་མཐུན་བཅས་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་ཐུབ་ཅིང་། དུས་མཚུངས་སུ། མི་རིགས་མཉམ་སྤྲོ་ཆེན་མོའི་བྱེད་སྒོ་འཚོགས་པར་བརྒྱུད་ནས་མི་རིགས་ཁག་གི་སྤུན་ཟླ་གཅེན་གཅུང་བར་གྱི་འབྲེལ་འདྲིས་དམ་དུ་གཏོང་བ་དང་མཛའ་བརྩེ་ཟབ་ཏུ་གཏོང་བར་ལས་སྟེགས་ཤིག་སྤྲོད་པ་རེད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག