མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་སྟོན་དུས་རྟ་རྒྱུག་འགྲན་ཚོགས་ཚེས18ཉིན་བསྡུ་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-17 10:21

 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཟླ9པའི་ཚེས15ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་སྟོན་དུས་རྟ་རྒྱུག་འགྲན་ཚོགས་བསྡུ་བའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་བསྡུས།  གྲོས་ཚོགས་ལས2014ལོའི་ཟླ9པའི་ཚེས18ཉིན་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་རྟ་རྒྱུག་འགྲན་ར་རུ་སྟོན་དུས་རྟ་རྒྱུག་འགྲན་ཚོགས་དུས་ལྟར་བསྡུ་རྒྱུ་ཡིན་པ་ནན་གྱིས་བསྟན་པ་དང་།  བདེ་སྲུང་དང་གློག་ཤུགས། བརྡ་འཕྲིན་དང་སྨན་བཅོས་སོགས་སྡེ་ཁག་བཅས་ཀྱིས་རྟ་རྒྱུག་འགྲན་ཚོགས་སྐབས་ཕྱོགས་སོ་སོའི་གྲ་སྒྲིག་བྱ་བར་ཐད་སྙན་ཞུ་ཕུལ། སྐབས་བཅུ་བའི་ཡུན་ནན་ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་ལག་བསྟར་ཀྲུའུ་རིན་གཞོན་པའམ། བདེ་ཆེན་ཁུལ་གྱི་ཁུལ་དཔོན་གཞོན་པ་སོན་ཐའོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

སོན་ཐའོ་ཡིས་སྟོན་དུས་རྟ་རྒྱུག་འགྲན་ཚོགས་ནི་བདེ་ཆེན་ཁུལ་གྱིས་སེམས་ཀྱི་ཉི་ཟླ་རྫོང་གི་སྲོལ་རྒྱུན་རྟ་རྒྱུག་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ། སེམས་ཀྱི་ཉི་ཟླ་རྫོང་གི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་གསར་སྐྲུན་བྱས་པའི་མི་རིགས་སྲོལ་རྒྱུན་གྱི་ལུས་རྩལ་མིང་རྟགས་ཞིག་ཡིན་ལ། ཁུལ་མི་དམངས་སྲིད་གཞུང་གིས་སྐབས་བཅུ་བའི་ཞིང་ཆེན་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་སུ་སྟོན་དུས་རྟ་རྒྱུག་འགྲན་ཚོགས་བསྡུ་རྒྱུ་ཡིན་པར་གཏན་ཁེལ་བྱས། དེའི་དམིགས་བྱ་ནི་ལུས་རྩལ་འགྲན་ཚོགས་སྐབས་སུ་མི་རིགས་སོ་སོའི་སྤུན་ཟླ་རྣམས་སེམས་ཀྱི་ཉི་ཟླ་རྫོང་དུ་ལྷན་འཛོམས་བྱུང་བའི་གོ་སྐབས་ཞིག་སྐྲུན་ཏེ། སེམས་ཀྱི་ཉི་ཟླ་རྫོང་གི་རྟ་རྒྱུག་རིག་གནས་དང་རྩྭ་ཐང་རིག་གནས་བཅས་ཐུན་མོང་མ་ཡིན་པའི་མི་རིགས་ཡུལ་སྲོལ་འགྲེམ་སྤེལ་བྱས་པར་བསྟུན། སྔར་ལས་ལྷག་པར་ཕྱི་ཕྱོགས་ལ་སེམས་ཀྱི་ཉི་ཟླ་རྫོང་དྲིལ་བསྒྲགས་བྱེད་པར་སྐུལ་འདེད་བྱེད་ངེས་ཞེས་བསྟན།

གྲ་སྒྲིག་བྱ་བའི་གྲོས་ཚོགས་བསྡུས་རྗེས། སོན་ཐའོ་རྟ་རྒྱུག་འགྲན་ར་རུ་སོང་ནས་རྟ་རྒྱུག་འགྲན་ཚོགས་སྔོན་གྱི་བྱ་བའི་གནས་ཚུལ་ལ་བརྟག་དཔྱད་བྱས་པ་དང་། རྗེས་མའི་བྱ་བར་བླང་བྱ་བཏོན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག