མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ཐང་རྫོང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱིས་ཞིང་པར་ཡོང་འབབ་འཕར་སྣོན་གཏོང་རོགས་བྱས།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-17 10:15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཟླ་དཀྱིལ་དུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་གྲོང་ཁུལ་གྱི་ཉེ་འདབས་སུ་ཡོད་པའི་མཱ་ཁའི་སོན་སྨྱུག་རྟེན་གཞིའི་ནང་གི་སོན་སྨྱུག་ཕལ་ཆེར་གཙང་མ་བཟོས་ནས་རྟེན་གཞིའི་ནང་གི་སོན་སྨྱུག་ཡོད་ཚད་ཧ་ལམ་འདེབས་འཛུགས་བྱེད་མཁན་དུད་ཚང་ལ་སྤྲད་ཚར་བ་རེད།བརྔ་སྡུད་བྱེད་སྐབས་སྤྱི་གཉེར་ཁང་གིས་རྒྱ་མ་གང་ལ་དངུལ་སྒོར་30རེ་བྱས་ནས་བསྡུ་རྒྱུ་རེད་ཅེས་མཱ་ཁའི་སོན་སྨྱུག་གསོ་སྤེལ་དང་འདེབས་འཛུགས་བྱེད་འགན་ཁུར་མཁན་གྱི་ཝང་མིང་ཧྭ་ཡིས་དེ་ལྟར་བཤད་པ་རེད།

འབའ་ཐང་རྫོང་གི་རྫོང་དཔོན་གཞོན་པ་ཀུའུ་པོ་དབྱང་གིས་ཤེས་རྟོགས་བྱུང་བར་གཞིགས་ན།སྔོན་ཆད་རྫོང་དེའི་མང་ཚོགས་ཀྱིས་རྨོ་འདེབས་བྱས་པའི་ནས་མུའུ་རེའི་ཐོན་ཚད་ཡོང་འབབ་སྒོར་300ལྷག་ལས་མེད་པ་རེད།མཱ་ཁ་འདེབས་འཛུགས་བྱས་རྗེས་ཆ་སྙོམས་མུའུ་རེའི་ཐོན་ཚད་རིན་ཐང་སྒོར་4000ཙམ་ཡོད་འདུགཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་འཕེལ་རྒྱས་བཏང་ནས་ཡུལ་དེ་གའི་ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་རྒྱུན་མཐུད་དུ་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱས་པ་རེད་།ན་ནིང་ལོར་རྫོང་ཡོངས་ཀྱི་ཞིང་འབྲོག་མི་དམངས་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་པ་སྒོར་5420ལ་སླེབས་ནས།ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ25འཕར་བས་ཁུལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་མཐོ་བ་རེད།

རི་མཐོ་ས་དང་རི་སྐེད་དུ་ཆགས་ཡོད་ལ།འབྲི་ཆུ་འབབ་རྒྱུད་རོང་ཁུལ་གྱི་ཁོངས་གཏོགས་ཀྱང་ཡིན་པའི་དབང་གིས་འབའ་ཐང་རྫོང་དུ་ཞིང་ལས་ཐོན་རྫས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན་པ་རེད།རི་མཐོའི་ས་ཁུལ་དུ་རྫོང་དེས་མུའུ་ཁྲི་ལྡན་པའི་སྤུས་ལེགས་ནས་ཀྱི་འདེབས་འཛུགས་བྱེད་སའི་རྟེན་གཞི་དང་མུའུ་སྟོང་ལྡན་པའི་སྤུས་ལེགས་བྲ་རྒོད་འདེབས་འཛུགས་བྱེད་སའི་རྟེན་གཞི་སྐྲུན་གང་ཐུབ་བྱེད་བཞིན་ཡོད་པ་རེད།རི་སྐེད་ས་ཁུལ་དུ་མུའུ་ཁྲི་ལྡན་པའི་མ་རྨོས་ལོ་ཏོག་གི་ཐོན་ཚད་མཐོ་བའི་དཔེ་སྟོན་རྟེན་གཞི་དང་།མུའུ་ཁྲི་ཅན་གྱི་ཁྱད་ཆོས་ལྡན་པའི་ཞོག་ཁོག་འདེབས་འཛུགས་བྱེད་སའི་རྟེན་གཞི།སྤུས་ལེགས་ནས་རྨོས་འདེབས་བྱེད་སའི་རྟེན་གཞི་བཅས་བཙུགས་ཡོད།འབྲི་ཆུ་འབབ་རྒྱུད་ཀྱི་སྐམ་ཤས་ཆེ་བའི་རོང་ཁུལ་དུ་ཡུངས་དཀར་འདེབས་འཛུགས་བྱེད་སའི་རྟེན་གཞི་བཙུགས་ནས་ཁེ་ལས་ནང་འདྲེན་བྱས་ཏེ་ཏིལ་སྣུམ་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་འདེབས་འཛུགས་བྱས་ནས་རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག318པ་བརྒྱུད་ཡུལ་དུ་ཞིང་ལས་ཀྱི་མཛེས་ལྗོངས་ལ་ལྟ་སྐོར་བྱེད་སའི་ཁྱམས་རིང་བསྐྲུན་པ་རེད།མིག་སྔར་རྫོང་དེས་ཞིང་ཆེན་ཞིང་ལས་ཚན་རིག་ཁང་སི་ཁྲོན་ནུབ་བྱང་ཀུ་ཤུའི་ཚོད་ལྟ་ས་ཚུགས་དང་མཉམ་འབྲེལ་བྱས་ཏེ་འབའ་ཐང་གི་ཀུ་ཤུའི་རྒྱུད་གཞི་འཇོག་ས་ལེགས་སྒྲིག་བྱེད་འགོ་བཙུགས་ནས་འཚོལ་སྡུད་བྱས་པའི་ཀུ་ཤུའི་རྒྱུད་གཞི་རིགས་12གསོ་སྤེལ་བྱས་པ་དང་།ཞིང་ཆེན་ཞིང་ལས་ཚན་རིག་ཁང་དུ་ཀུ་ཤུའི་ཤིང་ཕྲུག5000མཐུད་སྦྱོར་བྱས་ནས་འབའ་ཐང་གི་ཀུ་ཤུའི་རིགས་ཀྱི་ལྡུམ་ཁུལ་བཙུགས་ནས་འབྲས་ཤིང་ལྡུམ་ར་མུའུ་1000གི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་སྣོན་བཏང་ནས་འབའ་ཐང་གི་ཁྱད་ཆོས་ལྡན་པའི་ཀུ་ཤུའི་ཐོན་ཡུལ་དངོས་ཀྱི་ས་གཤིས་མཚོན་རྟགས་ཀྱི་རེ་འདུན་ཞུས་པ་རེད།ལས་རེས་རྗེས་མར་འབའ་ཐང་རྫོང་གིས་ད་དུང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ལ་བརྟེན་ནས་ལྗོངས་རྒྱུའི་ལས་རིགས་འཕེལ་རྒྱས་གཏང་རྒྱུ་ཡིན་པ་རེད།ས་གནས་གཞན་དག་གི་ཁེ་ལས་དེ་བས་མང་པོ་ཞིག་འབའ་ཐང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ལས་སྣོན་བྱེད་སའི་གྲལ་དུ་ཞུགས་ཡོད་པས།ད་ལོར་འབའ་ཐང་རྫོང་གི་ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་སྒོར་6000ལས་བརྒལ་ཐུབ་རེ་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག