མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འགན་སྲུང་རང་བཞིན་གྱི་སྡོད་ཁང་གིས་མང་ཚོགས་ལ་ཁེ་ཕན་ཆེན་མོ་ཐོབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-09-15 09:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།“སྲིད་གཞུང་གིས་འདོན་པའི་གོང་ཁེའི་བོགས་གཏོང་ཁང་པ་འདི་ངའི་སྔ་མའི་ཁང་པ་ལས་ཡག་པས། ངའི་སེམས་ཧ་ཅང་དགའ་པོ་བྱུང་ཡོད”ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་ཀྲུང་ལུའུ་ཤང་ཅུའེ་ཚའེ་ཧྲན་གྲོང་སྡེ་ནས་ཡོང་བའི་ཀུའུ་ཧྲི་ལིའང་སྡོད་ཁང་གསར་པར་སྤར་པ་རེད།

ཀུའུ་ཧྲི་ལིའང་དང་ཁོའི་བུ་ཚ་དུས་རྒྱུན་རྫོང་མཁར་དུ་ལས་ཀ་གཉེར་བ་རེད། ཁྱིམ་ཚང་གི་འཚོ་བ་དཀའ་ངལ་ཡོད་ལ། སྔ་མར་སྡོད་པའི་ཁང་པ་ཆུང་ཞིང་བཙོག་པ་ཡིན། “ད་ལྟ་ཁང་པའི་བོགས་དངུལ་སྒོར100ལས་སྤྲད་མི་དགོས། ”ཀུའུ་ཧྲི་ལིའང་གིས་དེ་འདྲ་བཤད་བྱུང་། སྲིད་གཞུང་གིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་བརྒྱུད་ནས། འབའ་ལུང་རྫོང་དུ་ཀུའུ་ཧྲི་ལིའང་ལྟ་བུའི་མང་ཚོགས་ཀྱི་སྡོད་ཁང་སྐྱིད་པོ་ཐོབ་པའི་བསམ་འདུན་དེ་འགྲུབ་ཐུབ་པ་རེད།

ཤེས་གསལ་བྱུང་དོན། མིག་སྔར་འཛུགས་སྐྲུན་མཇུག་སྒྲིལ་བའི་འབའ་ལུང་རྫོང་འགན་སྲུང་རང་བཞིན་གྱི་གཞིས་ཁུལ་དེ་རུ་གླ་ཁེའི་བོགས་གཏོང་ཁང་པ270དང་སྤྱི་པའི་བོགས་གཏོང་ཁང་པ680ཡོད་དེ། ཁྱོན་བསྡོམས་ས་ཆ་སྨི་གྲུ་བཞི་མ34000ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ10200ཟིན་པ། ལས་གྲྭའི་སྤྱིའི་མ་དངུལ་གཏོང་ཚད་སྒོར་ཁྲི6800ཟིན་ཡོད། ཟླ8པའི་ཚེས11ཉིན་ནས་བཟུང་། དུད་ཁ900རིམ་བཞིན་ཁང་པ་གསར་པར་སྤོས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག