མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་མི་རིགས་རིག་གནས་ཀྱི་གོང་སྤེལ་ལ་སྐུལ་འདེད་གཏོང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-15 09:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་བྱུང་དོན། སེམས་ཀྱི་ཉི་ཟླ་རྫོང་གིས་བྱ་ཐབས་སྣ་དྲུག་སྤྱད་ནས་མི་རིགས་རིག་གནས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཞིང་། གང་ཐུབ་ཀྱིས་རིག་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་སྤེལ་ཐད་ཀྱི་སྐུལ་འདེད་ནུས་པ་འདོན་སྤེལ་བྱས་ཏེ། མི་རིགས་སོ་སོས་རིག་གནས་སྤེལ་རེས་བྱེད་པ་དང་མཉམ་དུ་དར་སྤེལ་བྱེད་པར་མངོན་འགྱུར་བྱུང་རྒྱུ་རེད།

རིག་གནས་ཀྱི་དམངས་ཕན་ལས་གྲྭ་ལག་བསྟར་བྱེད་པ། མི་རིགས་ས་ཁུལ་གྱི་སྤྱི་པའི་རིག་གནས་ཀྱི་སྒྲིག་ཆས་དང་ཞབས་འདེགས་མ་ལག་གི་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས། ཤང་དང་གྲོང་རྡལ་ལ་མི་རིགས་ཀྱི་རིག་གནས་ས་ཚིགས་ཡོད་པ་དང་། གྲོང་སྡེ་(སྡེ་ཁུལ)ལ་རིག་གནས་ཀྱི་བྱེད་སྒོ་སྤེལ་ས་ཡོད་པ། ཞིང་དུད་དཔེ་དེབ་ཁང་དང་། ཚན་རིག་ཁྱབ་སྤེལ་གྱི་ཚན་བྱང་། ལུས་རྩལ་སྒྲིག་ཆས་བཅས་ཡོད་པ་མངོན་འགྱུར་བྱུང་བ། སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་བཞག་གོང་སྤེལ་གཏོང་བ་དེ་མི་དམངས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་ཁག་ཐེག་བྱེད་པའི་ཐབས་ལམ་གཙོ་བོར་འགྱུར་ཞིང་། དམིགས་སུ་བཀར་ནས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་རང་ཉིད་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་ཡོད་ཀྱི་གཞི་རིམ་གྱི་རིག་གནས་སྒྲིག་ཆས་འཛུགས་པའི་རྣམ་གྲངས་བཀོད་སྒྲིག་བྱེད་པ་དང་། གཞི་རིམ་གྱི་རིག་གནས་སྒྲིག་ཆས་མྱུར་པོའི་ངང་བཙུགས་ནས། གཞི་རྩའི་ཐོག་སྤྱི་པའི་རིག་གནས་ཞབས་འདེགས་མ་ལག་འཛུགས་པ། གཞི་རིམ་གྱིས་མི་རིགས་དུས་ཆེན་དང་རིག་གནས།ལུས་རྩལ་བྱེད་སྒོ་བསྡུ་བར་རོགས་སྐྱོར་བྱེད་པ་དང་།ཤང་དང་གྲོང་རྡལ། གྲོང་སྡེས་མི་རིགས་ཀྱི་དམངས་ཁྲོད་རིག་རྩལ་བྱེད་སྒོ་བསྡུ་བར་སྐུལ་མ་གཏོང་རྒྱུ།

མི་རིགས་རིག་གནས་ཀྱི་སྲུང་སྐྱོང་དང་རྒྱུན་འཛིན་ལས་གྲྭ་ལག་བསྟར་བྱེད་པ། སེམས་ཀྱི་ཉི་ཟླའི་མི་རིགས་རིག་གནས་ཀྱི་ཐང་ཆེན་དང་བདེ་ཆེན་མི་རིགས་རིག་གནས་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཉམས་ཞིབ་བྱེད་ས་མགྱོ གས་མྱུར་གྱིས་འཛུགས་པ། དེང་རབས་ཚན་རྩལ་གྱིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དུ་ཡོད་པའི་ནུས་ཤུགས་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་པའི་དཀར་ཆག་དང་འཆར་འགོད་སྒྲིག་པ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་བང་མཛོད་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཐོན་ཁུངས་བང་མཛོད་འཛུགས་པ། ཕུལ་བྱུང་མི་རིགས་རིག་གནས་ཀྱི་རྒྱུན་འཛིན་མ་ལག་འཛུགས་པ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་རྫས་གནའ་གཞུང་། ཁ་རྒྱུན་རིག་གནས། རོལ་དབྱངས་དང་ཞབས་བྲོ། ལུས་རྩལ། འཛུགས་སྐྲུན། གོས་རྒྱན། བཟའ་བཏུང་། སྨན་རིགས་སོགས་དངོས་པོ་དང་དངོས་མིན་རིག་གནས་ཤུལ་བཞག་ལ་མྱུར་སྐྱོབ་དང་སྲུང་སྐྱོང་།གསར་གཏོད་བཅས་བྱེད་པ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་ས་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་སྡེ། མི་རིགས་ཀྱི་རིག་གནས་ཐང་ཆེན་བཅས་འབོར་ཚོ་ཞིག་འཛུགས་པ་དང་།མི་རིགས་ཀྱི་གྲོང་སྡེའི་གློག་བརྙན་རིག་གནས་དཔྱད་ཡིག་བསྡུ་བ་དང་།མི་རིགས་རིག་གནས་སྒྱུ་རྩལ་གྱི་ཡུལ་ཁམས་ས་ཆ་འབོར་ཚོ་ཞིག་ལ་མིང་བཏགས་འགོད་རྒྱུའི་རེ་བ་ཞུ་རྒྱུ།

སྤུས་ལེགས་ཀྱི་མི་རིགས་རིག་གནས་འཛུགས་པའི་ལས་གྲྭ་ལག་བསྟར་བྱེད་པ། དམིགས་བསལ་གྱི་སེམས་ཀྱི་ཉི་ཟླའི་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་ཀྱི་རྟགས་ཅན་འབོར་ཚོ་ཞིག་གསར་གཏོད་བྱས་ནས།རིག་གནས་ཐོན་ཁུངས་ཀྱི་གནས་བབ་ལེགས་པོ་དེ་རིག་གནས་ཐོན་ལས་ཀྱི་གནས་བབ་ལེགས་པོར་སྒྱུར་བར་སྐུལ་འདེད་གཏོང་བ།འཆར་གཞི་དང་གནད་ཆེ་ཡོད་པའི་ངང་དུས་རབས་མང་པོ་གནས་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་སྤུས་ལེགས་སྒྱུ་རྩལ་གསར་གཏོད་བྱེད་པ།མི་རིགས་ཀྱི་རྩོམ་རིག་དང་རོལ་དབྱངས།ཞབས་བྲོ།ཟློས་གར།གོས་རྒྱན།བཟོ་རྩལ་གྱི་ཐོན་རྫས་སོགས་གསར་རྩོམ་འགྲེམ་པར་རོགས་སྐྱོར་བྱེད་པ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་སྡེའི་སྲུང་སྐྱོང་དང་གོང་སྤེལ་ལས་གྲྭ་ལག་བསྟར་བྱས་ནས། དུས་རབས་མང་པོ་གནས་ཡོད་པའི་མི་རིགས་རེ་ལ་རང་མི་རིགས་ཀྱི་ཁྱད་ཆོས་དང་། ས་གནས་ཀྱི་ཁྱད་ཆོས། དུས་སྐབས་ཀྱི་ཁྱད་ཆོས་བཅས་ལྡན་པའི་གྲོང་སྡེ་ཞིག་ཡོད་ཏུ་འཇོག

མི་རིགས་རིག་གནས་ཀྱི་རྒྱུན་འཛིན་མི་སྣ་ལ་གསོ་སྐྱོང་བྱེད་པ། ཤང་དང་གྲོང་རྡལ། སྡེ་ཁུལ་གྱི་རིག་གནས་ས་ཚིགས་(ཁང་)གིས་མི་རིགས་རིག་གནས་ཁྲིད་སྦྱོང་ཁང་(འཛིན་གྲྭ)གཉེར་བར་རོགས་སྐྱོར་བྱེད་པ།ཕ་ཡུལ་གྱི་མི་རིགས་རིག་གནས་ཤེས་མི་དང་མི་རིགས་དམངས་ཁྲོད་རིག་གནས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ། གང་ཐུབ་ཀྱིས་དམངས་ཁྲོད་རྒྱུན་འཛིན་སྒྱུ་རྩལ་པས་མི་རིགས་རིག་གནས་འཛུགས་པར་བྱུང་བའི་ཧུར་ཐག་ནུས་པ་འདོན་སྤེལ་བྱེད་པ། མི་རིགས་རིག་གནས་རྒྱུན་འཛིན་པའི་གཏན་ཁེལ་དང་ཁ་གསབ་སྤྲོད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་ཞིང་ལོ་རེ་བཞིན་ཁ་གསབ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་རྒྱུ།

མི་རིགས་རིག་གནས་ཀྱི་སྤྱི་པའི་ཐོན་རྫས་ལ་མཁོ་སྤྲོད་བྱེད་པ།གྲངས་ཉུང་མི་རིགས་ཀྱི་གནས་ས་སོགས་ལ་རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྣ་གཉིས་ཀྱི་རླུང་འཕྲིན་བརྙན་འཕྲིན་དང་དཔེ་དེབ་ཚགས་དེབ། གློག་རྡུལ་དཔེ་དེབ། ད་དུང་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ།སྲིད་ཇུས་ཁྲིམས་སྲོལ། དངོས་ཕན་ལག་རྩལ།ཚན་རིག་ཁྱབ་སྤེལ་གྱི་ཤེས་བྱ་སོགས་ཀྱི་སྤྱི་པའི་རིག་གནས་ཐོན་རྫས་སྤྲོད་པ།ཧུར་ཐག་གིས་རླུང་འཕྲིན་བརྙན་འཕྲིན་“གྲོང་གསེབ་ཡོངས་ལ་ཁྱབ་པའི”ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མུ་མཐུད་དུ་བོད་རིག་པའི་ཞིབ་འཇུག་དང་མི་རིགས་སྐད་ཡིག་གི་ཡིག་སྒྱུར་ལས་ཁུངས་འཛུགས་པར་ཤུགས་སྣོན་རྒྱག་རྒྱུ།

ཤུགས་ཆེན་གྱིས་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་གོང་སྤེལ་གཏོང་བ། ཧུར་ཐག་གིས་དམངས་ཁྲོད་སྲོལ་རྒྱུན་གྱི་ལུས་རྩལ་ལུས་སྦྱོང་བྱེད་སྒོ་སྒྲིག་འཛུགས་དང་གོང་སྤེལ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཁྱབ་སྤེལ་གཏོང་བ་དང་།གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མི་སྣ་ལ་གསོ་སྦྱོང་བྱེད་པ།ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས་སེམས་ཀྱི་ཉི་ཟླ་རྫོང་མཁར་དུ་སྤེལ་བའི་གོ་སྐབས་ལ་དམ་འཛིན་བྱས་ཏེ། མཚོན་བྱེད་རང་བཞིན་ལྡན་པའི་མི་རིགས་རིག་གནས་ཀྱི་ལུས་རྩལ་སྒྲིག་ཆས་འབོར་ཚོ་ཞིག་འཛུགས་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག