མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ངོ་མཚར་ཆེ་བའི་རྟ་རྩལ་འཁྲབ་སྟོན་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-15 09:53

རྟ་ཐོག་མི་མང་པོ་བརྩེགས་ནས་ལངས་པ།
རྟ་རྒྱུག་བཞིན་དར་ཆ་སྒྲུག་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་མི་རིགས་ལུས་རྩལ་ཐང་གི་རྟའི་རྒྱུག་ལམ་ཐོག་ཏུ། ངོ་མཚར་ཆེ་བའི་རྟ་རྩལ་གྱི་འཁྲབ་ཚན་སྟོན་དུས་ལུས་རྩལ་ཐང་དུ་ཐལ་མོ་རྡེལ་སྒྲ་རྒྱུན་མི་ཆད་པ་འདུག རྟ་རྩལ་པས་སྐབས་འགར་འཕུར་བ་ལྟར་རྒྱུག་པའི་རྟ་ཐོག་ཁ་བཏགས་ཕུལ་ཞིང་། སྐབས་འགར་རྟ་ཐོག་འཕྲེད་དུ་ཉལ་བ། ངོ་མཚར་ཆེ་ཤོས་ནི་རྟ་ཐོག་མི་མང་པོ་བརྩེགས་ནས་ལངས་པའི་རྟ་རྩལ་དེ་ཡིན་ལ། ལྟད་མོ་བ་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་འདུག འདི་ནི་ཚེས12ཉིན་ཞིང་ཆེན་སྐབས་བཅུ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གི་འཁྲབ་ཚན་ཞིག་ཡིན་པ་རེད།

མི12ཀྱིས་གྲུབ་པའི་རྟ་རྩལ་འཁྲབ་སྟོན་རུ་ཁག་དེའི་ཁོངས་མི་ཚང་མ་ནི་སེམས་ཀྱི་ཉི་ཟླའི་དམངས་ཁྲོད་ཀྱི“ཡག་ལ་སོ”གེ་སར་འཁྲབ་སྟོན་ཁང་ནས་ཡོང་བ་ཡིན། ལོ་ན20ལས་མེད་པའི་རྩལ་འཁྲིད་པ་བློ་བཟང་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྟ་རྩལ་རུ་ཁག་གིས་སྟོན་ཐུབ་པའི་འཁྲབ་ཚན་ནི་འཕུར་བ་ལྟར་རྒྱུག་པའི་རྟ་ཐོག་ཁ་བཏགས་ཕུལ་བ་དང་། རྟ་རྒྱུག་བཞིན་དར་ཆ་སྒྲུག་པ། རྟ་ཐོག་ལུས་གབ་པ། རྟ་ཐོག་འཕྲེད་དུ་ཉལ་བ། རྟ་ཐོག་མི་མང་པོ་བརྩེགས་ནས་ལངས་པ་སོགས་བཅུ་ལྷག་ཡོད་ལ། སྐབས་རིམ་བྱུང་གི་ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས་ཐོག་གི་རྟ་རྩལ་འགྲན་བསྡུར་དང་རྒྱལ་ཡོངས་ཀྱི་རྟ་རྩལ་འགྲན་བསྡུར་ཐོག་གསེར་དངུལ་ཟངས་གསུམ་གྱི་བྱ་དགའ་ཁག57བླངས་མྱོང་བ་རེད།

“ཡག་ལ་སོ”གེ་སར་འཁྲབ་སྟོན་ཁང་གི་ཕོ་གསར་དང་བུ་མོ་རྣམས་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་དུ་ཞུགས་རྗེས། ད་དུང་ཧུར་ཐག་གིས་ཟླ9པའི་ཚེས18ཉིན་གྱི་སྟོན་ཁ་རྟ་རྒྱུག་ཆེད་དུ་གྲ་སྒྲིག་བྱེད་ཡོད་པ། སྐབས་དེར་ཁོ་ཚོ་རྟ་ཁྲི་མཉམ་རྒྱུག་གི་བྱེད་སྒོ་དང་འགྲན་བསྡུར་དུ་ཞུགས་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག